<h3>༢༠༡༩ལོའི་ཟླ་༡ཚེས་༡༡ཉིན་གྱི་སྔ་དྲོ། བྲག་ཁང་སྣ་ཁ་སློབ་ཁུལ་ནས་ཉིས་སྟོང་བཅོ་བརྒྱད་ལོ་མཇུག་གི་སློབ་སྐབས་ནང་གི་སློབ་གསོ་སློབ་ཁྲིད་བྱ་བའི་སྤྱི་སྡོམ་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་སློབ་གཙོ་དགེ་བཟང་གིས་བྱིས་སྐྱོང་སློབ་གསོ་དང་འགན་བབས་སློབ་གསོར་འབྲེལ་ཏེ་སློབ་སྒྲུབ་བྱ་བར་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་དང་སྲིད་ཇུས། སློབ་གསོའི་བཅའ་ཁྲིམས། སློབ་གསོ་སློབ་སྒྲུབ་ཀྱི་གནས་བབས།འཕེལ་རྒྱས་ཀྱི་ཆོས་ཉིད་དངོས་ལ་གཞིགས་ཏེ་དབྱེ་ཞིབ་དང་དཔྱད་བརྗོད་སྤེལ་ཏེ། སློབ་སྐབས་གཅིག་གི་སློབ་སྒྲུབ་ཀྱི་བྱ་བའི་གྲུབ་འབྲས་ལ་གདེང་འཇོག་དང་སྤྱི་སྡོམ་ལེགས་པོར་མཛད།</h3> <h3>དེའི་རྗེས་གྲུབ་འབྲས་བཟང་བོའི་ཁོངས་གཏོགས་སློབ་གྲྭ་དང་དགེ་རྒན་དཔེ་ལེགས་ཅན། དགེ་རྒན་ཧུར་བརྩོན་ཅན། དགེ་རྒན་སྤྱོད་བཟང་ངན། ལས་སྒྲུབ་རང་འགུལ་ཅན། གྲུབ་འབྲས་འབུར་ཐོན་ཅན་སོགས་ལ་བཟང་ཕྱོགས་ལ་རྒྱུན་འཁྱོངས་དང། ཕྱོགས་ཡོངས་ནས་རང་ཉིད་ལ་བཅོས་བསྒྱུར་གནང་སྟེ་ངེས་དོན་གྱི་དགེ་རྒན་ཕུལ་བྱུང་ཅན། མིང་དོན་མཚུངས་པའི་སློབ་གྲྭ་ཚད་ལྡན་ཅནདང་སྔོན་ཐོན་ཅན་གྱི་ཚད་གཞིར་སླེབས་པར་རེ་སྐུལ་དང་བཅས་རེ་རེར་བྱ་དགའ་གནང་།</h3> <h3>མཇུག་མཐར། དགེ་རྒན་ལ་ཏང་དང་སྲིད་གཞུང་གི་བཀའ་རྒྱར་བརྩི་སྲུང་བྱེད་པའི་གོ་རྟོགས་མཐོན་པོ་དང་། འདུ་ཤེས་གཏིང་ཟབ། སློབ་སྦྱོང་གི་རེ་བ་ནན་མོ་བཅས་ཡོད་དགོས་པ་མ་ཟད། དཔེ་བལྟ་དཔེ་ཀློག་གི་གོམས་སྲོལ་བཟང་བོ་ཆགས་དགོས། དེ་ལས་ངེས་པར་སྤང་དགོས་པའི་ལས་ཤོ་རྒྱག་པ། སྐོར་ཚོགས་བྱས་ཏེ་ཆང་འཐུང་བ། ཁྲིམས་འགལ་སྒྲིག་འགལ་གྱི་ཚོགས་པར་ཞུགས་པ་དང་དེ་འབྲེལ་གྱི་ལས་ཀ་བགྱི་བ། སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་གཏོར་བརླག་གི་ལས་སྒྲུབ་པ་སོགས་གཏན་ནས་བགྱི་མི་ཆོག་པའི་ངེས་ཤེས་དང་ཆོད་སེམས་བརྟན་པོ་ཐུགས་འཇགས་གནང་རྒྱུ་གསལ་བཤད་བྱས་པ་དང་བཅས་ཚོགས་འདུ་མཇུག་བསྡུས།</h3>