བྲག་ཁ་སློབ་ཁུལ་གྱི་སློབ་གཙོའི་བྱ་བ་ཁྲོམ་བསྒྲགས་ཚོགས་འདུ直卡学区校长述职述评会

འོད་གསལ(格桑花)

<h3>༢༠༡༩ལོའི་ཟླ་༡ཚེས་༡༠ཉིན་གྱི་སྔ་དྲོ། བྲག་ཁང་སྣ་ཁ་སློབ་ཁུལ་གྱི་སློབ་གཙོ་དགེ་བཟང་ལགས་ཀྱིས་བྲག་ཁང་སྣ་ཁ་དང་རྐ་ཕུག སྔོ་རྒྱ། རུ་མཚེར་སྡེ་བ་བཅས་ནས་ཕེབས་པའི་སློབ་མའི་ཁྱིམ་བདག་བདུན་ཅུ་ལྷག་དང་། དགེ་སློབ་བརྒྱད་ཅུ་ལྷག་གི་མིག་སྔར། རྫོང་སློབ་གསོ་ཅུས་བཀོད་སྒྲིག་དང་བཀའ་བགོས་ལྟར་ཁོ་རང་གིས་༢༠༡༣ལོའི་ཟླ་༥ནས་དེ་རིང་གི་བར་བྲག་ཁང་སྣ་ཁ་སློབ་ཁུལ་གྱི་སློབ་གསོ་སློབ་སྒྲུབ་ཀྱི་བྱ་བ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པར་འཕེལ་རྒྱས་གྱི་འགྱུར་ལྡོག་ཆེན་པོ་བྱུང་བའི་དཀའ་སྡུག་གི་བརྒྱུད་རིམ་རྒྱས་ཞུས་དང་། མ་འོངས་པའི་འཕོ་འགྱུར་གྱི་ཁ་ཕྱོགས་གསལ་བཤད་བྱས་པ་མ་ཟད། གོང་འོག་བར་གསུམ་གྱིས་མུ་མཐུད་དུ་མཐུན་སྒྲིལ་བྱས་ཏེ་སྟོབས་ཤུགས་ཆེན་པོས་བྱིས་པའི་འབྱུང་འགྱུར་གྱི་འཚར་ལོངས་ལ་དོ་སྣང་དང་མཐུན་རྐྱེན་གང་ལེགས་བསྐྲུན་དགོས་པའི་འབོད་སྐུལ་ཡང་ཡང་བཏང་བ་མ་ཟད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སློབ་གསོ་ཅུའུ་ཡིས་གཞི་རིམ་གྱི་རྨང་གཞི་སློབ་གསོ་སློབ་སྒྲུབ་ལ་ཡང་དག་པའི་མཛུབ་སྟོན་དང་། དགེ་རྒན་གྱི་དཔུང་སྡེ་སྟོབས་ཤུགས་ཇེ་ལེགས། ཕྱིའི་ཁང་བ་དང་ནང་གི་ཅ་ལག་སོགས་མི་ཤུགས་རྒྱུ་ཤུགས་གང་ཅིའི་ཐད་ནས་ལྟ་སྐྱོང་དང་མཐུན་རྐྱེན་རབ་དང་རིམ་པ་གནང་བའི་མཛད་འཕྲིན་བརྒྱུད་བསྒྲགས་བྱས།</h3> <h3>བྱིས་སྐྱོང་སློབ་སྒྲུབ་དང་འགན་བབ་སློབ་སྒྲུབ་གང་ལ་ཡང་ཏང་དང་སྲིད་གཞུང་གི་ཡང་དག་པའི་ལམ་སྟོན་དང་། སློབ་མའི་ཁྱིམ་བདག་གི་རྒྱབ་སྐྱོར་དང་རོགས་རམ་ནི་མེད་དུ་མི་རུང་བ་དང་། དགེ་རྒན་གྱིས་ཉིན་རྒྱུན་གྱི་ལྷོད་པ་མེད་པའི་ཧུར་བརྩོན་བཅས་སུམ་སྒྲིལ་གྱིས་ལས་སྒྲུབ་བྱས་ཚེ། ང་ཚོ་བྲག་ཁང་སྣ་ཁ་དང་སྔོ་རྒྱ། རྐ་ཕུག རུ་མཚེར་སྡེ་བ་སོགས་ཀྱི་མི་རབས་རྗེས་མ་རྣམས་བསམ་པའི་དཔལ་ཡོན་དང་དངོས་བོའི་དཔལ་ཡོན་ཕུན་སུམ་ཚོགས་པ་དང་ལྡན་པའི་མི་རབས་གསར་བ། ཡུལ་ཕྱོགས་གཞན་གྱིས་ཡིད་ཀྱིས་སྨོན་པ་འཆོར་ས་དང་། བསྟོད་པའི་མཐེ་བོང་སྒྲེང་བའི་འཇོན་ནུས་དང་ལྡན་པའི་སྤྱི་ཚོགས་གསར་བ་ཞིག་འབྱུང་ངེས་ལ། ང་ཚོས་གོང་འོག་བར་གསུམ་གྱིས་རེ་བའང་དེ་འདྲ་ཞིག་ཡིན་པས་མཉམ་དུ་བརྩོན་པ་ལྷུར་ལེན་གནང་དགོས་པའི་འབོད་སྐུལ་དང་བཅས་བདེ་ལེགས་ངང་སྙན་ཞུ་མཇུག་རྫོགས།</h3>