ཁྱིམ་བདག་རྣམས་ལ་སྤྲིངས་པའི་འཕྲིན་ཡིག

གུས་ཤིང་བརྩེ་བའི་ཁྱིམ་བདག་རྣམ་པ།

རང་སློབ་གྲྭས་གོང་རིམ་གྱི་བཀོད་སྒྲིག་ལྟར༢༠༡༩ལོའི་ཟླ༡པའི་ཚེས༡༢ཉིན་དགུན་གནང་སྟེར་རྒྱུ་ཡིན་ལ། ཕྱིར་སློབ་མགོ་རྩོམ་པའི་དུས་ཚོད་ནི་སྤྱི་ལོ༢༠༡༩ལོའི་ཟླ༣པའི་ཚེས ༢

ཉིན་ཡིན་པས།

རྒྱ་ཆེ་བའི་ཁྱིམ་བདག་རྣམ་པས་དགུན་གནང་གི་གོ་སྐབས་དང་བསྟུན་ནས། སློབ་གསོ་གཏོང་དགོས་པའི་ནང་དོན་

ཐད་ནས་འདི་ལྟ་སྟེ།ཀུན་སྤྱོད་སློབ་གསོ་གཙོར་བཟུང་སྟེ།སློབ་

སྦྱོང་དང་སྒྲིག་ལམ། རྒྱལ་ཁབ་སྲུང་སྐྱོབ་ཀྱི་སློབ་གསོ། སྤྱི་

ཚོགས་བདེ་འཇགས་དང་འཆམ་མཐུན་གྱི་སློབ་གསོ། མི་

རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ནས་སློབ་གསོ་གཏོང་རྒྱུ་

གལ་ཆེའོ།།

ལྷག་པར་དུ་སློབ་མའི་འོས་འགན་ནི་སློབ་སྦྱོང་ཡིན་པས།རང་གི་བུ་བུ་མོར་དགེ་རྒན་རྣམ་པས་བཀོད་སྒྲིག་བྱས་པའི་

དགུན་གནང་གི་བསླབ་བྱ་སོ་སོའི་ལས་བྱ་ཆད་ལྷག་མེད་པར་ལེགས་འགྲུབ་བྱ་དགོས་པ་མ་ཟད། ད་དུང་རྒྱལ་ཁབ་དང་ཕ་མ། དགེ་རྒན་གྱི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་བ་དང་།

རིག་གནས་དཔྱིས་ཕྱིན་པ་སྦྱངས་ནས་ཏང་དང་རྒྱལ་ཁབ།ཕ་མ་དགེ་རྒན་སོགས་ལ་དྲིན་ལན་འཇལ་བར་བརྩོན་ལེན་བྱ་རྒྱུ། བདེ་སྐྱིད་ཀྱི་འཚོ་བ་ནི་རྒྱལ་ཁབ་བདེ་འཇགས་དང་འཆམ་

མཐུན་སྤྱི་ཚོགས།

མི་རིགས་མཐུན་སྒྲིལ་གྱི་གཞི་རྩ་ལས་བྱུང་བ་ཡིན་ཏེ། བདེ་འཇགས་མེད་ན་བདེ་སྐྱིད་ཡོད་མི་སྲིད་པའི་གནས་ལུགས་ཐད་ཀྱི་སློབ་གསོ་ཡང་ཡང་གཏོང་དགོས། རང་རེའི་རྒྱལ་ཁབ་ནི་

ཁྲིམས་ལྡན་རྒྱལ་ཁབ་ཅིག་ཡིན་པས། ཁྲིམས་ཀྱི་འོག་ཏུ་མི་

ཚང་མ་འདྲ་མཉམ་ཡིན་ཏེ། ཁྲིམས་འགལ་ལུགས་འགལ་གྱི་

བྱ་བ་མི་སུ་ཞིག་ཡིན་རུང་བསྒྲུབ་མི་རུང་།

བྱིས་པའི་ཕྱིར་དུ་ཕ་མ་རྣམས་ཀྱིས་རང་རང་གི་བུ་བུ་མོར་ཁ་ཏ་སློབ་གསོ་བཏང་སྟེ། ཕྱིས་སུ་ལོག་ལམ་དུ་མི་འགྲོ་པར་

ཀུན་སྤྱོད་གཙང་ཞིང་སྤྱི་ཚོགས་དང་ཕ་ཡུལ། མི་རིགས་བཅས་ལ་ཕན་པའི་བུ་བུ་མོ་ཞིག་ཏུ་འགྱུར་བར་ཤུགས་སྣོན་བྱ་དགོས།གཞན་ཞར་བྱུང་གི་དོན་ལ། བྱིས་པ་ཕྱི་རུ་འགྲོ་བའི་བདེ་

འཇགས་ཀྱི་ཆེད་དུ། ཁྱིམ་བདག་དང་མཉམ་དུ་འགྲོ་དགོས་ལ། འགྲིམ་འགྲུལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་བྱེད་པ་དང་། བྱིས་པ་གཡོ་འཁྲིད་ལ་སྔོན་ནས་ཉེན་ཟོན་བྱེད་པ།

བྱིས་པ་སློབ་གྲྭར་འགྲོ་འོང་གི་སྐབས་སུ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་ནན་མོ་བྱེད་པ་དང་འགྲིམ་འགྲུལ་སྒྲིག་ལམ་བརྩི་སྲུང་བྱེད་པ། ལམ་དུ་འགྲོ་སྐབས་ལམ་སྟོན་གློག་

འོད་ལ་བལྟ་ཤེས་དགོས་པར་མ་ཟད། སློབ་མར་ཁྱིམ་བདག་

གིས་སློབ་གསོ་བཏང་སྟེ། དབྱར་དགུན་གནང་གི་སྐབས་སུ་རང་དགར་ཆུར་མི་རྐྱལ་བ་དང་། ཆུ་དགྲ་དང་མེ་སྐྱོན་བྱུང་བར་

དོགས་ཟོན་བྱེད་པ།

ཉེན་ཁ་བྱུང་ཚེ119དང110འབོད་བརྡ་གཏོང་བ་དང་མཉམ་དུ120ལ་བརྡ་གཏོང་དགོས། ཁྱིམ་བདག་གིས་སློབ་མར་གློག་བཀོལ་སྐབས་དེར་སེམས་ཆུང་བྱེད་དགོས་པའི་སློབ་

གསོ་བཏང་ནས། ཆར་རླུང་ཁྲོད་གློག་འཁྱུག་སྐབས་བརྙན་

འཕྲིན་དང་གློག་ཀླད་སྒོ་གཏན་དགོས་ལ། ཁ་པར་ཡང་ཁ་

གཏན་དགོས། བྱིས་པར་འཕྲོད་བསྟེན་བདེ་འཇགས་ཀྱི་སློབ་

གསོ་བཏང་ནས་གད་སྙིགས་ཟས་རིགས་སྔོན་འགོག་དང་ཚོང་

ཁང་དུ་དུས་ཡོལ་ཟས་རིགས་ཉོ་བ་གཏན་འགོག་བྱེད་པ། སློབ་མའི་བདེ་འཇགས་སྲུང་སྐྱོབ་ཆེད་སློབ་གྲྭའི་ནང་དུ་སློབ་མས་ཁ་པར་གཏན་ནས་བཟུང་མི་ཆོག་ལ་ཕྱིར་སློབ་གྲྭར་ལོག་ནས་རྐང་རྩལ་སྤོ་ལོའང་རྩེ་མི་ཆོག

གཞན་གསལ་བསྒྲགས་ཤིག་ལ་ངེད་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་དགུན་གནང་གི་སྐབས་སུ་གསབ་ཁྲིད་བྱེད་བཞིན་མེད།

མཇུག་མཐར། ཁྱེད་ཀྱི་ཁྱིམ་མི་ཡོངས་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ།

མཚོ་སྔོན་པོ་མི་རིགས་བཅའ་སྡོད་སློབ་གྲྭས།

༢༠༡༩ལོའི་ཟླ༡པའི་ཚེས༡༢ཉིན།

《中华人民共和国义务教育法》及“控辍保学”工作宣讲

“控辍保学”:就是控制学生辍学,加大治理辍学工作力度,保证适龄儿童和少年完成九年义务教育,提高“普九”的质量和水平。

适龄儿童、少年因身体状况需要延缓入学或者休学的,其父母或者其他法定监护人应当提出申请,由当地乡镇人民政府或者县级人民政府教育行政部门批准。

国家实行九年义务教育制度。义务教育是国家统一实施的所有适龄儿童、少年必须接受的教育,是国家必须予以保障的公益性事业。

该入学的一个不能少,已入学的一个不能走不送子女或放任接受义务教育的子女辍学是违法行为保证适龄未成年人接受义务教育是父母的法定义务。

↑ཁྱིམ་བདག་རྣམ་པས་གོང་གསལ་བཤེར་རིས་འདི་ལ་དོ་ཁུར་གནང་རོགས་ཞུ།