我的天津教育之旅

吉仓卓才

༄༅།།སློབ་སྦྱོང་གིས་མྱོང་ཚོར་ཐོབ་ལ།

ཕྱིར་རྟོག་ལས་འཚར་ལོངས་བྱུང་།

在学习中体会 在反思中成长

གནས་འབྲངས་སློབ་སྦྱོང་དང་བགྲོ་གླེང་གསོ་སྦྱོང་གི་མྱོང་ཚོར།

——跟岗学习交流培训心得

རྫོང་སློབ་གསོ་ཅུའུ་ཡི་བཀོད་སྒྲིག་འོག་༢༠༡༨ལོའི་ཟླ༡༢པའི་ཚེས༥ནས༢༠༡༩ལོའི་ཟླ༡པའི་ཚེས་༥བར་གྱི་ཟླ་གཅིག་གི་རིང་ཐེན་ཅིན་གྲོང་ཁྱེར་ཧོན་ཆའོ་ཁུལ་ཚོད་ལྟའི་སློབ་ཆུང་དུ་གནས་འབྲངས་སློབ་སྦྱོང་དང་བགྲོ་གླེང་གསོ་སྦྱོང་བྱ་འགུལ་དུ་ཞུགས་པའི་སྐལ་བ་ལྡན། ཐེན་ཅིན་གྲོང་ཁྱེར་ཧོན་ཆའོ་ཁུལ་ཚོད་ལྟའི་སློབ་ཆུང་གི་འགོ་ཁྲིད་རྣམ་པས་སློབ་སྦྱོང་དུ་ཕེབས་པར་དགའ་བས་བསུ་མ་བྱས་ཤིང་། ཉིན་དང་པོར་སློབ་གཙོ་དང་བར་རིམ་འགོ་ཁྲིད་ཀྱིས་ཚོགས་འདུ་བསྡུས་ཏེ། སློབ་གྲྭའི་གནས་ཚུལ་མཚམས་སྦྱོར་དང་སྦྲགས་ནས་སློབ་ཁྲིད་སློབ་གསོའི་བྱ་བའི་ཕྱོགས་ཡོངས་ལ་སློབ་སྦྱོང་བྱེད་པར་བཀོད་སྒྲིག་དང་མཐུན་རྐྱེན་གང་ལེགས་བསྐྲུན།

འབད་པ་ལྷུར་ལེན་གྱིས་སློབ་གྲྭའི་འགོ་ཁྲིད་དང་མཛུབ་སྟོན་དགེ་རྒན་གྱི་བཀོད་སྒྲིག་ལྟར་སློབ་ཐུན་ལ་ཉན་པ་དང་ཁུལ་རིམ་པའི་སློབ་དཔྱོད་དང་སློབ་གྲྭ་རིམ་པའི་སློབ་དཔྱོད་སོགས་ལ་ཚབ་ཞུགས་བྱས་ཤིང་། རང་འགུལ་གྱིས་ཞུགས་པ་དང་། ཁེངས་སྐྱུང་གིས་སློབ་སྦྱོང་། བགྲོ་གླེང་གཙོར་འཛིན་པའི་རྩ་དོན་གཞིར་བཟུང་ནས་ནན་ཏན་གྱིས་སློབ་སྦྱོང་དང་། ཁྲིད་ཉན། ལྟ་ཞིབ། འདྲི་བ། ཟིན་བྲིས་འདེབས་པ། འཚོལ་བ། ཕྱིར་རྟོག མྱོང་ཚོར་འབྲི་བ་བཅས་ཀྱི་ཐབས་ལམ་བརྒྱུད་ནས་རང་ནུས་མཐོར་འདེགས་ལ་བརྩོན། མཛུབ་སྟོན་དང་ལག་ལེན་གྱི་བརྒྱུད་རིམ་ཁྲོད་དུ་དགེ་རྒན་གྱི་གྲ་སྒྲིག་འཐུས་ཚང་གིས་རྒྱུན་ལྡན་གྱི་སློབ་ཁྲིད་དང་དཔེ་སྟོན་སློབ་ཁྲིད་སྐབས་སུ་བཟོད་པ་ལྡན་ཞིང་ཞིབ་ཚགས་ཡོད་པའི་སྒོ་ནས་སློབ་ཁྲིད་གྲ་སྒྲིག་དང་སྦྱང་བྱ་ཞུ་དག སློབ་མར་གསབ་ཁྲིད། བསྐྱར་སྦྱོང་གི་ཐབས་ལམ་སོགས་ལ་སེམས་ཞིབ་མོས་མཛུབ་སྟོན་བྱས་ཤིང་། ལྷག་པར་དུ་སློབ་ཁྲིད་སློབ་གསོའི་བདག་དམ་དང་སློབ་གྲྭའི་རིག་གནས་འཛུགས་བསྐྲུན། སློབ་དཔྱོད་ཁང་གི་བྱ་བ་སོགས་ཕྱོགས་ཡོངས་ནས་རྒྱུས་ལོན་ཟབ་མོ་བྱེད་དུ་བཅུག འོག་ནས་སློབ་གྲྭ་འདི་གའི་སློབ་གསོ་སློབ་སྒྲུབ་ཀྱི་ཕྱོགས་ནས་རང་ཉིད་ཀྱིས་རྒྱུས་ལོན་ཅུང་ཙམ་བྱས་པ་མྱོང་ཚོར་དང་སྦྲགས་ནས་མདོར་ཙམ་གླེང་བར་བྱ་བ་ལ།

班级文化评比

དང་པོ། སློབ་ཁྲིད་སློབ་གསོ་བདག་དམ་གྱི་སྐོར།

གཅིག འགོ་ཁྲིད་ཀྱི་རིམ་པ་ཕྱེ་ལ་ལས་བགོས་ཞིབཅིང་སྒྲིག་སྲོལ་འཐུས་ཚང་ཡིན།

སློབ་ཁྲིད་སློབ་གསོའི་བདག་དམ་ལ་རིམ་པ་གོང་མས་རིམ་པ་འོག་མར་བདག་དམ་བྱེད་པའི་སློབ་སྒྲུབ་ཀྱི་ཐབས་ལམ་དང་སྒྲིག་སྲོལ་འཐུས་ཚང་འཛུགས་གཉེར་བྱས་ཡོད་དེ། མདོར་གྱིས་བཤད་ན་སློབ་གཙོ་བཞོན་པ་རིམ་པར་ལས་བགོས་ཀྱིས་སློབ་ཁྲིད་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། སློབ་དཔྱོད། མི་དོན། ལུས་རྩལ་སོགས་ཀྱི་ཕྱོགས་ནས་བདག་དམ་བྱེད་པ་དང་། སློབ་སྟོན་འགན་འཛིན་རིམ་པ་ལ་སྐད་ཡིག་དང་གྲངས་རིག དབྱིན་ཡིག སློབ་ཁྲིད་སློབ་དཔྱོད་བཅས་ལས་བགོས་ཀྱིས་བདག་དམ་བྱེད་པ་དང་། དེའི་འོག་ཏུ་སློབ་དཔྱོད་ཚན་གཙོ་སྟེ་སྐད་ཡིག་དང་གྲངས་རིག དབྱིན་ཡིག ལུས་རྩལ་སོགས་ལ་འགོ་ཁྲིད་བཞིས་ སློབ་ཁྲིད་སློབ་གསོ་དང་ཀུན་སྤྱོད་སློབ་གསོ། སློབ་དཔྱོད། མི་དོན། ལུས་རྩལ་སོགས་ལ་འགན་ཁུར་ནས་བདག་དམ་བགྱི་བ་དང་། སློབ་རིམ་རེ་རེར་ཡང་བསླབ་ཚན་རེ་རེ་བྱས་ནས་བདག་དམ་བྱེད་པ་དང་འགན་གཙོ་བོ་སློབ་རིམ་གྱི་བསླབ་ཚན་དེའི་སློབ་དཔྱོད་དང་སློབ་ཁྲིད་སོགས་ཕྱོགས་ཡོངས་ལ་ལྟ་རྟོག་དང་། རྒྱུགས་བཀོད་སྒྲིག རྒྱུགས་གཞི་དབྱེ་ཞིབ་སོགས་ཀྱི་ལས་ཀའི་འགན་ཁུར་བའི་བདག་དམ་ལམ་ལུགས་ཤིག་རེད། ད་རུང་གཟའ་འཁོར་གཅིག་ལ་ངེས་པར་དུ་འཚོགས་དགོས་པའི་ཚོགས་འདུ་གསུམ་ཡོད་དེ། སློབ་གཙོའི་བྱ་བའི་བཀོད་སྒྲིག་ཚོགས་འདུ། ཚན་ཁག་འགན་འཛིན་པའི་ཚོགས་འདུ། སློབ་དཔྱོད་འགན་འཛིན་པའི་ཚོགས་འདུ་བཅས་དུས་བཅད་ལྟར་ཚོགས་ནས་སྒྲུབ་ཟིན་པའི་བྱ་བར་ཕྱོགས་སྡོམ་དང་སྒྲུབ་དགོས་པའི་བྱ་བར་འཆར་གཞི་བཟོ་བའི་བརྒྱུད་རིམ་ཞིག་རེད།

参加年级组学科教研

གཉིས། བསླབ་ཚན་འཛུགས་གཉེར་སློབ་མའི་འཕེལ་རྒྱས་དང་འཚམ་པར་བཀོད་སྒྲིག་བྱས།

བསླབ་ཚན་བཀོད་སྒྲིག་ལ་གོང་རིམ་གྱི་བསླབ་ཚན་བཀོད་སྒྲིག་གི་ཚད་གཞི་གཞིར་བཞག་གི་སྟེང་བསླབ་ཚན་རེའུ་མིག་ཏུ་བྱུང་ཆོག་པའི་སློབ་གྲྭའི་བསླབ་དེབ་དང་བྱུང་མི་ཆོག་པའི་བསླབ་ཚན་དེ་སློབ་རའི་བསླབ་དེབ་རིགས་གཉིས་ཡོད། སློབ་རིམ་དང་པོ་དང་གཉིས་པར་སློབ་སྦྱོང་གི་གོམས་གཤིས་དང་བྱ་སྤྱོད་ཀྱི་གོམས་གཤིས་བསླབ་དེབ། སློབ་རིམ་གསུམ་པར་ཆ་འཕྲིན་ལག་རྩལ། སློབ་རིམ་བཞི་བར་གནམ་རིག་ཤེས་བྱ། སློབ་རིམ་ལྔ་བ་དང་དྲུག་པར་དབྱིན་ཡིག་བཅས་ནི་བསླབ་ཚན་རེའུ་མིག་ཏུ་བཀོད་སྒྲིག་བྱ་ཆོག་པའི་བསླབ་དེབ་ཡིན་ལ། སློབ་རིམ་དང་པོ་ནས་དྲུག་པའི་བར་སྐད་ཡིག་དང་གྲངས་རིག དབྱིན་ཡིག་བཅས་ལ་དེ་མཐུན་གྱི་སློབ་རའི་བསླབ་དེབ་ཡོད་པ་དེ་བསླབ་ཚན་རེའུ་མིག་ཏུ་བྱུང་མི་ཆོག་ལ་རྒྱུན་པར་སློབ་གསེང་དང་གཟའ་མཇུག་གི་དུས་ཚོད་བཀོལ་ནས་འགྲུབ་དགོས་པའི་བསླབ་དེབ་ཅིག་རེད།

赵校长召开座谈会

གསུམ། དགེ་རྒན་གྱི་དཔུང་སྡེ་འཛུགས་གཉེར་ལམ་ལུགས་ཆ་ཚང་ཡིན།

དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་གྱི་ཕྱོགས་ནས་རྐང་འཛིན་དགེ་རྒན་གྱིས་ན་གཞོན་དགེ་རྒན་ལ་སྣེ་ཁྲིད་པའི་ལམ་ལུགས་འཐུས་ཚང་ཞིག་ཡོད་ལ། སྒྲིག་གཞི་ལྟར་གསོ་སྐྱོང་བྱས་ནས་དགེ་རྒན་གྱི་དཔུང་སྡེ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་བརྩོན་བཞིན་ཡོད། གསར་ཞུགས་དགེ་རྒན་ལ་རྐང་འཛིན་དགེ་རྒན་གཅིག་དགེ་རྒན་ལ་བསྐོས་ནས་ཕྱོགས་ཡོངས་ནས་སློབ་ཁྲིད་དང་མཛུབ་སྟོན་གང་ལེགས་བྱེད་པའི་སྒྲིག་སྲོལ་དང་ལམ་ལུགས་བཙུགས་ནས་ལོ་གསུམ་ལ་གསོ་སྐྱོང་བྱེད་བཞིན་ཡོད། གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ནི་ལས་གནས་ལ་འཚམ་པའི་དུས་རིམ་གྱི་སློབ་སྦྱོང་ཚོགས་པ་དང་ན་གཞོན་དགེ་རྒན་གྱི་གཞུང་ལུགས་སློབ་སྦྱོང་ཚོགས་པ། ན་གཞོན་དགེ་རྒན་གྱི་ནུས་རྩལ་མཐོར་འདེགས་ཚོགས་པ། ན་གཞོན་དགེ་རྒན་གྱི་གཞི་རྩལ་ཡར་རྒྱས་ཚོགས་པ་སྟེ་རིགས་བཞི་བརྒྱུད་ནས་ཆེད་ལས་ཀྱི་ནུས་པ་མཐོར་འདེགས་གཏོང་གིན་ཡོད།

འདི་ལྟ་བུའི་སློབ་གསོའི་བདག་དམ་གྱི་འོག་ཏུ་དགེ་རྒན་རེ་རེའི་རིག་གནས་ཀྱི་བྱང་ཚད་དང་སློབ་གསོའི་བྱང་ཚད། ཀུན་སྤྱོད་ཀྱི་བྱང་ཚད་མཐོ་བས་དགེ་རྒན་གྱི་དཔུང་སྡེ་ཆེད་ལས་ཅན་དང་སྔོན་ཐོན་ཅན་ཤ་སྟག་ཡིན། རང་འགུལ་གྱིས་འཕེལ་རྒྱས་འགྲོ་བའི་དབང་ཆ་སློབ་མ་ལ་བྱིན་པའི་སློབ་སྒྲུབ་ཀྱི་ལྟ་བ་ཆག་ཤིང་། སློབ་གྲྭ་བཟང་པོས་དགེ་རྒན་བཟང་པོ་སྐྱོང་། དགེ་རྒན་བཟང་བོས་སློབ་མ་བཟང་བོ་སྐྱོང་བའི་དཔེ་ལྟར། སློབ་མའི་བསླབ་གསུམ་གྱི་སྦྱངས་འབྲས་ཁུལ་ཡོངས་ཀྱི་སྔུན་གྲས་སུ་ཚུད་ཡོད་པར་བཤད་ལ། དེ་ལས་ལྷག་པའི་བྱང་ཚད་སློབ་གསོ་བཟུང་བར་ཁྱད་ཆོས་མངོན་པར་གསལ། སློབ་གྲྭའི་དགེ་རྒན་དང་སྤྱི་ཚོགས། ཁྱིམ་བདག་བཅས་ཀྱི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ནས་དགའ་ཕྱོགས་ཚན་ཆུང་རིགས་སུམ་ཅུ་ལྷག་འཛུགས་གཉེར་བྱས་ཤིང་། དེ་དག་ལས་ཁུལ་དང་གྲོང་ཁྱེར་རིམ་པའི་བྱ་འགུལ་ཁྲོད་གཟེངས་རྟགས་རབས་དང་རིམ་པ་མང་པོ་བླངས་ཡོད།

红桥区一二年级语文教研

གཉིས་པ། སློབ་ཁང་སློབ་ཁྲིད་ལ་ནུས་ཕྱོད་ཆེ།

ཟླ་གཅིག་ལྷག་གི་རིང་ལ་སློབ་གྲྭའི་བཀོད་སྒྲིག་འོག་གྲངས་རིག་དང་སྐད་ཡིག་སློབ་ཐུན་ཉི་ཤུ་ལྷག་ལ་ཉན་ཐུབ་སོང་། སློབ་ཁྲིད་ལས་ཀ་ནི་སློབ་གྲྭའི་ལས་ཀའི་ལྟེ་བ་ཡིན་ཞིང་། ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ཐབས་ལམ་ཡིན་པས་ན། སློབ་གྲྭ་རེ་རེ་ལ་སློབ་ཁྲིད་ཀྱི་ཁྱད་ཆོས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཐབས་ལམ་ངེས་ཅན་ཡོད་ངེས་ལ། དེ་བཞིན་དུ་དགེ་རྒན་རེ་རེ་ལའང་རང་ཉིད་ཀྱི་སློབ་ཁྲིད་ཁྱད་ཆོས་དང་རྣམ་པ་མངོན་གསལ་ཡོད། སློབ་ཐུན་རེ་རེའི་ཁྱད་ཆོས་དང་ལེགས་ཆ་བཤད་ན་ཡིག་ཚོགས་ལ་འཇིགས་པ་དང་། སྐད་ཆ་མང་ན་ཉོག་འགྲོ་བ། སྐུད་པ་རིང་ན་ཆད་འགྲོ་བའི་དཔེ་ལྟར་གསལ་བོ་ཞིག་བཤད་རྒྱུ་ཕར་ཞོག ཁྱད་ཆོས་སྣ་གཅིག་ཀྱང་བརྗོད་མ་ཐུབ་པ་ལས་མ་བཤད་ན་བཟང་བས་འདིར་སྤྱིའི་ཆ་ནས་ང་ཚོས་བཅོས་བསྒྱུར་བྱེད་ཐུབ་པ་དང་ངེས་པར་དུ་ལེགས་བཅོས་བྱེད་དགོས་པའི་སྐོར་གཞི་བྱས་ནས་མདོར་ཙམ་བྲི་བར་བྱ།

༡ གྲ་སྒྲིག་ཕུན་སུམ་ཚོགས་ལ་དགེ་རྒན་གྱི་གཞི་རྩའི་ནུས་རྩལ་བཟང་།

ཐུན་གཅིག་གི་ལེགས་འགྲུབ་སྟེ་དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་ལེགས་མིན་ལ་འབྲེལ་བ་དམ་པོ་ཡོད་པས། ང་ཚོས་སེམས་ཞིབ་མོས་ཐུན་གཅིག་གི་སློབ་ཁྲིད་གྲ་སྒྲིག་གྱ་ནོམ་པ་བྱ་དགོས་སྟེ། སློབ་གསོ་བ་གྲགས་ཅན་སུའུ་ཧུའུ་མུ་ལེན་སུ་ཅིས་ལགས་ཀྱིས་ངས་ཚེ་གང་བོར་སློབ་ཐུན་གཅིག་ལ་གྲ་སྒྲིག་བྱས་པ་ཡིན་ཞེས་གསུངས་མྱོང་། འདི་གའི་སློབ་གྲྭའི་དགེ་རྒན་ཚོར་ཁྲིད་གཞི་ཡང་སློབ་སྐབས་རེ་རེར་ཞིབ་བཤེར་ནན་མོ་བྱས་ནས། ལོ་སྔོན་མའི་ཁྲིད་གཞི་བསྐྱར་ཟློས་ཀྱིས་བཀོལ་སྤྱོད་བྱེད་པ་གཏན་འགོག་བྱེད་པ་དང་། སྡེ་ཚན་རེ་རེའི་དམིགས་ཚད་དང་ཤེས་བྱའི་གནད་གང་ཡིན་པ། གཙོ་དཀའ་གནད་ཀྱི་གདེམ་གསེས། དཀའ་གནད་སེལ་སྟངས། སློབ་ཁྲིད་ཁྲོད་ཀྱི་མཉམ་འཇོག་དགོས་པའི་ཤེས་བྱའི་གནད་སོགས་འཆར་གཞི་ཡོད་པ། དམིགས་ཡུལ་ཡོད་པ། རྩ་འཛུགས་ཡོད་པའི་སྒོ་ནས་གཟའ་འཁོར་རེར་སློབ་དཔྱོད་བྱ་འགུལ་སྤེལ་གྱིན་ཡོད། སློབ་ཁྲིད་ཁྲོད་དུ་བྱུང་བའི་གནད་དོན་ལ་ཡང་རྐང་འཛིན་དགེ་རྒན་གྱིས་ཆེད་དུ་ཞིབ་འཇུག་བྱེད་པའི་སློབ་དཔྱོད་ཚོགས་པ་ཡོད་པས། ཐུན་མོང་གི་ཚོགས་པའི་ཐོན་ཁུངས་བེད་སྤྱོད་བྱས་ནས་བརྗོད་གཞི་ཞིབ་འཇུག་བྱས་ཏེ། གནད་དོན་རེ་རེ་བཞིན་ཐག་གཅོད་བྱས་ནས་དགེ་རྒན་གྱི་དཀའ་ཁག་མང་པོ་སེལ་བར་དངོས་ཤུགས་དང་རྒྱུ་ཤུགས་འབོར་ཆེན་གཏོང་གིན་ཡོད། སློབ་དཔྱོད་བྱ་འགུལ་སྤེལ་བའི་དུས་ཚོད་ཡོད་པ། འཆར་གཞི་ཡོད་པ། མདོ་འཛིན་པ་ཡོད་པ། མཛུབ་སྟོན་བྱེད་མཁན་གྱི་སློབ་སྟོན་འགན་འཛིན་པ་ཡོད་པ། ཟིན་བྲིས་ཡོད་པ་བཅས་ཡོད་པ་ལྔ་རྒྱུན་འཁྱོངས་བྱས་ནས། སློབ་ཁྲིད་གྲ་སྒྲིག་གི་ཐོན་ཁུངས་ཕུན་སུམ་ཚོགས་ལ། དགེ་རྒན་གྱི་གྲ་སྒྲིག་ལ་རྨང་བཏིང་བ་དང་། གཞི་རྩའི་ནུས་རྩལ་མཐོར་འདེགས་གཏོང་བར་ཕན་ནུས་ཆེན་པོ་ཐོན་གྱིན་འདུག སློབ་ཐུན་རེ་རེ་ལ་ཕལ་ཆེར་སློབ་མས་གྲ་སྒྲིག་བྱེད་རྒྱུའི་སློབ་ཆས་ཡོད་ལ། ཕལ་ཆེར་སློབ་མ་རང་ངོས་ནས་ཡོང་འགྲུབ་བྱེད་དགོས་ལ། ཆ་རྐྱེན་དང་སྒེར་གཤིས་ཀྱི་ཁྱད་ཆོས་ལྟར་གྲ་སྒྲིག་བྱས་པས་རྣམ་པ་སྣ་མང་ལ་གྱ་ནོམ་པ་བཀོལ་སྤྱོད་ཀྱི་ནུས་པ་ལྡན་པ་མ་ཟད་རང་ཉིད་ཀྱི་ཆུ་ཚད་དང་མཐུན། དགེ་རྒན་གྱིས་འཁྲིད་ཆས་གྲ་སྒྲིག་གི་ཆ་ནས་སྨྱན་ཆས་དང་སྒྲོན་བརྙན། ཤོག་བྱང་སོགས་སློབ་ཁྲིད་དང་སློབ་མའི་སློབ་སྦྱོང་ལ་རམ་འདེགས་བྱེད་ཐུབ་པའི་རིགས་འདེམ་གསེས་བྱས་པ་བཟང་ལ་དགོས་མེད་ཀྱི་དངོས་པོ་གཅིག་ཀྱང་མེད་པར་བེད་སྤྱོད་གཏོང་བའི་རྒྱ་ཆེ། མདོར་དྲིལ་ན་དགེ་རྒན་གྱིས་སློབ་གཞིར་བརྩོན་ཞིབ་དང་དཔྱད་ཡིག་བསྡུ་རུབ། སློབ་མར་རྒྱུས་ལོན། ཁྲིད་ཐབས་ཞིབ་འཇུག་བཅས་ཀྱི་ཆ་ནས་གྲ་སྒྲིག་ཧ་ཅང་བཟང་།

“立德树人”我践行为主题的青年教师论坛会

༢ དམིགས་ཚད་གཏན་འཁེལ་བྱས་པ་ཚད་དང་མཐུན།

དམིགས་ཚད་ཀྱི་གཞི་བསླབ་ཚན་ཚད་གཞི་དང་བསླབ་དེབ་ཀྱི་སྡེ་ཚན་སྤྱིའི་དམིགས་ཚད། འཁྲིད་བྱའི་ནང་དོན་གྱི་རེ་འདུན། སློབ་མའི་སྦྱོང་ཚུལ་གྱི་གནས་ཚུལ་ལ་བཅོལ་ནས་འཇོག་གིན་ཡོད་པས་དམིགས་ཚད་ལ་ཞོག་མི་ཐུབ་པ་དང་འགྲུབ་མི་ཐུབ་པའི་རྣམ་པ་མེད་པ་མ་ཟད། དམིགས་ཚད་ལས་བརྒལ་བའི་ངང་འཁྲིད་བྱའི་ནང་དོན་འགྲུབ་ཐུབ་པའི་སློབ་ཐུན་མང་ཤས་ཟིན་ཡོད།

༣ གཙོ་དཀའ་གནད་འབུར་དུ་ཐོན་པ།

ཡོད་ཚད་དམིགས་ཚད་ནས་ལངས་ཏེ་གཙོ་དཀའ་གནད་གཏན་འཁེལ་བྱེད་ཀྱིན་ཡོད་ལ། སློབ་མས་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ་དང་ནུས་རྩལ་གཞི་འཛིན་པ། སློབ་མ་བྱེ་བྲག་གི་བར་ཁྱད་ལ་བརྩི་འཇོག་གིས་སློབ་ཐབས་གཙོར་འཛིན་པས་སློབ་མ་ལ་རང་དབང་ཆེ་ལ་རང་སྦྱོང་གི་བར་སྟོང་ཡོད། སློབ་མས་སློབ་པའི་བརྒྱུད་རིམ་ཁྲོད་དཀའ་གནད་ལ་འཕྲད་སྐབས་གྲོས་བསྡུར་དང་བགྲོ་གླེང་བྱེད་པ་བརྒྱུད་ནས་གནད་དོན་ཐག་གཅོད་དང་དོགས་པ་གཙང་སེལ་བྱེད་ཀྱིན་ཡོད།

༤ བརྒྱུད་རིམ་འཆར་བཀོད་ལེགས་ལ་སློབ་མ་གཙོ་གཞིར་འཛིན་པ།

ཐུན་གྱི་བརྒྱུད་རིམ་ཡོངས་ལ་སློབ་ཐབས་དང་སློབ་མའི་ཤེས་འདོད་ཀྱི་བློ་མི་གཅོམ་པར། རང་དབང་གི་ཁོར་ཡུག་གིས་སྔོན་སྦྱོང་དང་འགྲེམ་སྟོན། གྲོས་བསྡུར། ལག་ལེན། འཚོལ་ཞིབ། བགྲོ་གླེང་གི་ཐབས་བརྒྱུད་ནས་དགེ་རྒན་གྱིས་མཛུབ་སྟོན་དང་སྣེ་འཁྲིད་བྱེད་པ་ལས་འཆད་རྐྱང་དང་སྒྲུབ་རྐྱང་བྱེད་ཀྱིན་མེད་པས་སློབ་ཐུན་སྐབས་སློབ་མ་རེ་རེ་ལ་གྲུབ་འབྲས་དང་ཡར་རྒྱས། གོང་འཕེལ་ཡོད་པར་བརྩོན་ལེན་བྱེད་བཞིན་ཡོད། སློབ་ཐུན་འདྲེན་པའི་ཐབས་མང་པོ་སྤྱོད་ཀྱིན་ཡོད་དེ། གཏམ་རྒྱུད་དང་འགུལ་རིས། ཡུལ་རྣམ། གསལ་བཤད། གླུ་དབྱངས། བསྐྱར་སྦྱོང་། ཁ་བརྡ་སོགས་སྣ་མང་ཕུན་སུམ་ཚོགས། ཁྲིད་གསར་གྱི་སྐབས་སུ་སློབ་མའི་ཤེས་ཚད་དང་སློབ་མའི་སློབ་སྦྱོང་གི་དགོས་མཁོ། སློབ་ཐབས་ཀྱི་དགོས་མཁོ་སྐོང་བ་ཧ་ཅང་བཟང་། བྱ་འགུལ་སྤེལ་སྐབས་སློབ་མ་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་གཙོར་བཟུང་བས་སློབ་མ་རེ་རེའི་སྒྲུབ་སྟངས་ཀྱང་མི་འདྲ། གཏམ་བཤད་སྤེལ་བ་དང་རི་མོ་འབྲི་བ། རྟགས་རྒྱག་པ། ཀློག་འདོན་བྱེད་པ། ལག་ལེན་སོགས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་མི་འདྲ། ཕྱོགས་སྡོམ་བྱེད་སྐབས་སློབ་མའི་ཤེས་བྱ་དང་ནུས་པ། བརྩེ་སེམས་གསོ་སྐྱོང་སོགས་ལ་མ་འབྲེལ་བ་མེད། གང་ལྟར་ཐུན་གཅིག་ལ་འདྲེན་པ་དང་སྒྲུབ་པ། ཚད་ལེན། ཕྱོགས་སྡོམ་བཅས་ངེས་པར་དུ་བརྒྱུད་བཞིན་ཡོད།

༥ སམ་ངོས་ཇུས་འགོད་བསྡུས་ལ་གནད་ཟིན་པ།

སྒོ་སམ་ཇུས་འགོད་བྱས་པ་གཙང་ལ་གྲ་དག་པ། ཤེས་བྱའི་གནད་འདུས་པ། ཡི་གེ་དང་རི་མོ་སོགས་སེམས་ཞིབ་མོས་སྨྱུག་རིམ་རེ་རེ་བྱས་ནས་གྲ་དག་གིས་འབྲི་བཞིན་ཡོད་པ་དང་། རིས་དབྱིབས་ཚང་མ་ཐིག་ཤིང་སྤྱོད་བཞིན་པ་དང་། མཚམས་རེར་སློབ་མས་སྒོ་སམ་སྟེང་འབྲི་དགོས་ཚེ་ཐིག་ཤིང་སྤྱོད་པའི་ལུགས་ཤིག་ཆགས་ཡོད། ཐུན་མཇུག་སྒྲིལ་སྐབས་སྒོ་སམ་ཇུས་འགོད་ཀྱིས་ཕྱོགས་སྡོམ་གྱི་ནུས་པ་ཐོན་ཐུབ།

༦ སྦྱང་བྱ་བཀོད་སྒྲིག་སློབ་མའི་དངོས་ཡོད་དང་མཐུན་པ།

སྦྱང་བྱ་བཀོད་སྒྲིག་བྱེད་པའང་དཔེ་འོས་རྐྱང་བ་མ་ཡིན་པར་རིགས་སྣ་ཚོགས་པ་ཞིག་བཀོད་སྒྲིག་བྱེད་ཀྱིན་ཡོད་ལ། མང་ཤས་འཚོ་བ་ལག་ལེན་དང་ཁ་འབྲེལ་གྱིན་མེད་པས། ནུས་པ་གསོ་སྐྱོང་བྱེད་པར་དགེ་མཚན་མི་དམན་པ་ཐོན་ཐུབ།

天津市高雅艺术进校园活动

གསུམ་པ ། སློབ་ཁྲིད་སློབ་དཔྱོད་ལ་ཕན་ནུས་ཆེ།

༡ རྒྱུན་སྲོལ་གྱི་སློབ་དཔྱོད་བྱ་འགུལ་།

ཟླ་གཅིག་ཙམ་རིང་སྐད་ཡིག་དང་གྲངས་རིག་བསླབ་ཚན་གཉིས་ཀྱི་སློབ་དཔྱོད་བྱ་འགུལ་ཐེངས་དྲུག་ཙམ་ལ་ཞུགས་ཐུབ་སོང་། སློབ་མཇུག་ལ་ཁེལ་ཡོད་པས་ཕལ་ཆེ་བ་བསྐྱར་སྦྱོང་གི་ནང་དོན་དང་རྒྱུགས་ཤོག་དབྱེ་ཞིབ། མཇུག་རྒྱུགས་ཕྱོགས་སྟོན་སོགས་ཀྱི་ནང་དོན་གཞིར་བཞག་ནས་སློབ་དཔྱོད་སྤེལ་བཞིན་ཡོད། འདི་གའི་སློབ་དཔྱོད་ནི་བསླབ་ཚན་རེ་རེ་དང་སློབ་རིམ་རེ་རེ་ལ་ཡོད་པའི་རྒྱུན་ལྡན་གྱི་བྱ་འགུལ་ཞིག་སྟེ། གཟའ་འཁོར་རེར་སློབ་དཔྱོད་ཁང་དུ་ཐུན་གཅིག་གི་དུས་ཚོད་སྤྱད་ནས་སློབ་དཔྱོད་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་ལ། དེ་ནི་སློབ་གྲྭ་འདིའི་རྒྱུན་སྲོལ་ཞིག་ཏུ་ཆགས་འདུག གཙོ་བོ་སྡེ་ཚན་གཅིག་གི་སློབ་ཁྲིད་འཆར་གཞི་དང་། སྡེ་ཚན་གཅིག་གི་ཁྲིད་བྱའི་གནད། ཡང་ན་སྡེ་ཚན་བསྐྱར་སྦྱོང་གི་ནང་དོན། བརྗོད་གཞི་ཅན་གྱི་བྱ་འགུལ། ཁྱིམ་བདག་ཚོགས་འདུ་སོགས་རིགས་མང་། མདོ་འཛིན་དགེ་རྒན་གྱིས་འཆར་གཞིའམ་སྒྲིག་གཞི་འཐུས་ཚང་གློག་རྡུལ་ཅན་སློབ་དཔྱོད་ཁང་གི་སྐད་འཕྲིན་ཚོགས་པའི་ནང་བརྒྱུད་བསྐུར་བྱེད་པ་དང་། རེ་འདུན་དང་མཉམ་འཇོག་དགོས་པའིགནད། དོགས་གཞི་སོགས་གསལ་བཤད་བྱས་རྗེས་སྐར་ལྔ་ཡས་མས་ལ་ཚང་མས་སློབ་སྦྱོང་བྱེད་དགོས། དེ་ནས་མདོ་འཛིན་དགེ་རྒན་གྱིས་སྒྲིག་གཞིའི་བརྒྱུད་རིམ། ལག་བསྟར་བྱེད་ཐབས་སོགས་ཁ་གསལ་སྒོས་ཁྱབ་བསྒྲགས་བྱེད། དེར་མཐུད་ནས་བསླབ་ཚན་དེ་གའི་དགེ་རྒན་ཚང་མས་ཁ་སྣོན་དང་དག་བཅོས། བཅོས་བསྒྱུར་བྱེད་དགོས་པའི་ཕྱོགས་ལ་གྲོས་བསྡུར་དང་བགྲོ་གླེང་སྤེལ། མཇུག་མཐར་སློབ་སྟོན་འགན་འཛིན་པས་སྒྲིག་གཞི་ལ་རེ་འདུན་དང་རེ་བ། བསམ་འཆར་སོགས་མཛུབ་སྟོན་རང་བཞིན་གྱི་གཏམ་བཤད་སྤེལ་རྗེས་བྱ་འགུལ་མཇུག་སྒྲིལ་གྱིན་ཡོད། སྐར་བཞི་བཅུ་གཏན་འཁེལ་ཡིན་ལ་སྐར་གང་ཡང་བདའ་རུ་མི་འཇུག

སློབ་གྲྭའི་རྒྱུན་སྲོལ་འདིས་སློབ་གྲྭ་དང་དགེ་རྒན། སློབ་མ། ཁྱིམ་བདག་བཅས་ཀྱི་སློབ་ཁྲིད་སློབ་གསོའི་བརྒྱུད་རིམ་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ངོ་མ་ཐག་གཅོད་བྱེད་ཀྱིན་ཡོད་པས། ཐུན་མོང་ཡར་རྒྱས་འགྲོ་བའི་ཐབས་ལམ་ལེགས་པོ་ཞིག་རེད།

兄弟学校交流会

༢ དགེ་རྒན་གསོ་སྐྱོང་གི་བྱ་འགུལ།

ཚེས༡༡ཉིན་གྱི་ཕྱི་དྲོ་སློབ་གྲྭས་རྩ་འཛུགས་བྱས་པའི་ཀུན་སྤྱོད་ཀྱིས་མི་སྐྱོང་བ་ངས་ལག་བསྟར་བྱ་ཞེས་པ་བརྗོད་གཞི་བྱས་ཏེ་ན་གཞོན་དགེ་རྒན་གྱི་བགྲོ་གླེང་སྤེལ། སྐབས་སོ་བཞི་བའི་དགེ་རྒན་གྱི་དུས་ཆེན་སྟེང་དུ་དྲུང་ཆེན་ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་བའི་ནང་དོན་གཞི་བྱས་ནས་ན་གཞོན་དགེ་རྒན་དགུ་བྱ་འགུལ་ལ་ཞུགས་ཤིང་། རང་རང་གིས་སློབ་མ་སྐྱོང་བའི་སྐབས་སུ་ཀུན་སྤྱོད་གཙོར་འཛིན་གྱི་ཕྱོགས་ནས་རང་གིས་ཇི་ལྟར་སྒྲུབ་པ་དཔེ་དང་སྦྲགས་ནས་གཏམ་བཤད་སྤེལ། དགེ་རྒན་རྣམ་པའི་གྲ་སྒྲིག་ཕུན་སུམ་ཚོགས་ལ། བཤད་པ་གསོན་ཉམས་ལྡན་ཞིང་ཡིད་འགུལ་ཐེབས། མདོར་བསྡུས་ན་ཕྱོགས་གསུམ་འདུ་སྟེ། གཅིག་འཛིན་གྲྭའི་མིང་འདོགས་སྟངས་དང་དོན་སྙིང་། གཉིས་ནི་འཛིན་སྲོལ། གསུམ་ནི་སློབ་སྲོལ་དང་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ཁྲོད་ཀྱི་དཀའ་ཁག་གང་དག་ལ་འཕྲད་པ་དང་གནད་དོན་ཅི་ལྟར་ཐག་གཅོད་བྱེད་པའི་དཔེ་མཚོན་གསལ་བཤད་བཅས་ཡིན། ངོ་མ་བདག་ལ་བློ་བསྐྱེད་མི་དམན་པ་ཐོབ། དགེ་རྒན་གྱི་ཀུན་སྤྱོད་ཧ་ཅང་གལ་ཆེན་ཡིན་ཏེ། འཇར་མན་གྱི་སློབ་གསོ་ཆེད་མཁས་པ་ཧྥེ་ཨར་པ་ཐི་ལགས་ཀྱིས་བརྗོད་དོན། སློབ་གསོའི་བྱ་བ་སྣ་གཅིག་པོ་དང་བྱ་བ་ཡོད་ཚད་མཐའ་སྡོམ་མཛད་ན་ཀུན་སྤྱོད་གཅིག་པོ་རུ་འདུ་བ་ཡིན་ཞེས་གསུངས་མྱོང་། སློབ་གསོའི་དམིགས་ཡུལ་ཀུན་སྤྱོད་ཡིན་ན། དགེ་རྒན་ནི་སློབ་གསོ་གཏོང་པ་པོ་ཡིན་པས་ཀུན་སྤྱོད་ལེགས་པོ་ཞིག་དགོས་པ་ནི་བཤད་མི་དགོས་པའི་གཏམ་ཞིག་ཏུ་འཁུམས། ཏུང་ཧོང་གི་ཡིག་རྙིང་ཕུ་བོས་ནུ་བོར་གདམས་པའི་མདོ་ལས་བསྟེན་བྱ་སློབ་དཔོན་སུ་ཞིག་ལ་བྱམས་དང་སྙིང་རྗེ་ལྡན་ཞིང་ཤེས་རིག་ལ་བློ་མཛངས་པ་ཞིག་གི་མདུན་སར་བཞག་ནས་སློབ་སྦྱོང་བྱེད་དགོས་ལ། དེ་ནས་སློབ་དཔོན་ཆེན་པོ་དེ་ལྟ་བུ་ནི་ཧ་ཅང་དབུལ་བོ་ཡིན་ནའང་དེའི་མདུན་སར་བཞག་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས། གལ་ཏེ་གཞན་དུ་ཀུན་སྤྱོད་བཟང་བོ་མི་ལྡན་ན་གྲགས་པ་ཆེ་ཞིང་གོ་གནས་མཐོ་ཡང་སློབ་དཔོན་དེ་ལྟ་བུའི་གམ་དུ་འཇོག་མི་རུང་ལ། དེ་ལས་གཞོན་སྐྱེས་བསྟེན་པ་ལས་གཡོ་ཅན་རྫུ་བག་ཅན་ལ་འཕྲད་པ་མང་བས། མ་རབས་སྤྱོད་ངན་ལ་གོམས་པ་རྣམས་བསྟེན་པ་དང་འགྲོགས་སུ་མི་འཇུག་གོ་ཞེས་དགེ་རྒན་གྱི་ཀུན་སྤྱོད་ལེགས་ཤིང་རིག་པ་འཛོམས་པ་ཞིག་གི་གམ་ནས་སློབ་གཉེར་གྱི་དབུ་རྩོམ་དགོས་པར་སྐུལ་ཡོད། ནང་ཆོས་ཀྱི་གཞུང་ལུགས་རྣམས་སུའང་ཇི་སྐད་དུ། བླ་མའི་བྱིན་རླབས་ཆེ་ཆུང་ཡང་།།སློབ་མའི་མོས་གུས་ཆེ་ཆུང་ཡིན།། སློབ་མའི་མོས་གུས་ཆེ་ཆུང་ཡང་།། བླ་མའི་མཛད་སྤྱོད་བཟང་ངན་ཡིན།། དེ་བས་ཀུན་སྤྱོད་ལེགས་པོས་ཀུན་སྤྱོད་ལེགས་པོ་སྐྱོངས་ཐུབ་པས་ཐོག་མར་དགེ་རྒན་གྱི་ཀུན་སྤྱོད་གཙང་མ་ནས་མགོ་བརྩམས་ནས། དུས་རབས་གསར་བའི་རྗེས་རབས་པ་མང་པོ་སྤྱི་ཚོགས་དང་མ་འོངས་པར་མཁོ་བའི་ཤེས་ལྡན་མི་སྣ་སྐྱོང་བར་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ནི་ཕྲག་སྟེང་དུ་བབ་པའི་འགན་འཁྲི་ཉག་གཅིག་ཡིན་ནོ།།

小学组内部交流会

༣ འཛིན་གྲྭ་སྐྱོང་ལུགས།

ཚེས༡༠ཉིན་གྱི་ཕྱི་དྲོ་ཁུལ་ཡོངས་ཀྱི་འཛིན་གྲྭའི་རིག་གནས་འགྲེམ་སྟོན་གྱི་འདུ་བྱེད་འདི་གའི་སློབ་གྲྭའི་གྲོས་ཚོགས་ཁང་དུ་སྤེལ། འཛིན་བདག་དགེ་རྒན་གཉིས་ཀྱིས་རང་གི་འཛིན་གྲྭ་སྒྲུབ་སྟངས་དང་དེའི་བརྒྱུད་རིམ་ཁྲོད་དུ་ཐོབ་པའི་གྲུབ་འབྲས། ཉམས་མྱོང་སོགས་ང་ཚོར་གཅིག་མ་ཆད་གཉིས་མ་ལུས་པར་བརྙན་རིས་བརྒྱུད་ནས་འགྲེམ་སྟོན་བྱས། འཛིན་གྲྭ་རེ་རེར་ཐུན་མིན་གྱི་འཛིན་གྲྭའི་མིང་དང་འཛིན་རྟགས། འཛིན་གྲྭའི་རིག་གནས། འཛིན་གྲྭ་སྐྱོང་བའི་ལྟ་བ་སོགས་ལེགས་པོ་ཆགས་ཡོད། འཛིན་གྲྭ་རེ་རེ་ལ་ཐུན་མིན་གྱི་འཛིན་གྲྭའི་མིང་དང་རིག་གནས། འཛིན་གྲྭ་སྒྲུབ་པའི་ཁ་ཕྱོགས་དང་ཁྱད་ཆོས་རེ་ཡོད། ཁྱད་ཆོས་དེའང་དགེ་རྒན་གྱི་བཟང་ཆ་དང་ཁྱད་ཆོས་ནས་བཟུང་ཏེ། དཔེ་སྟོན་རེ་རེ་བརྒྱུད་ནས་སེམས་ཞིབ་མོས་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་མའི་འཕེལ་རྒྱས་དང་སྒེར་གཤིས་ལ་རྒྱུས་ལོན་བྱས་ནས། སློབ་མ་ལ་བག་ཆགས་བསྒོ་བ་དང་བྱ་སྤྱོད་ཙག་ཙིག་ལ་འགྱུར་བ་ཐེབས་སུ་བཅུག་ནས་རིམ་བཞིན་ལེགས་ལམ་དུ་ཁྲིད་པའི་བརྒྱུད་རིམ་ཞིག་ཡིན། ཁོ་ཚོས་སློབ་མ་སྐྱོང་བའི་བརྒྱུད་རིམ་ཁྲོད་བྱ་བ་ཆུང་ངུ་དང་ཕྲན་ཚེགས་ནས་བཟུང་ཏེ། སློབ་མ་རེ་རེས་སྒྲུབ་ཐུབ་པའི་བྱ་བ་ནས་བཟུང་སྟེ། གོམས་གཤིས་ལེགས་པོ་ཞིག་གསོ་སྐྱོང་བྱེད་བཞིན་ཡོད། གོམས་གཤིས་ལེགས་པོ་དེའང་མི་གཙོ་བོར་འཛིན་པ་དང་ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་སོགས་ཀྱི་རྒྱུན་མཐོང་གི་འཚོ་བ་དང་བྱ་བ་ལ་སྦྱར་ནས་སློབ་གསོ་གཏོང་གིན་ཡོད་ལ། སློབ་གསོ་གཏོང་བའི་བརྒྱུད་རིམ་དེའང་བག་ཆགས་བསྒོ་བ་དང་ཤེས་མེད་ཚོར་མེད་ཀྱིས་མིག་དཔེ་དང་ཐད་མཐོང་གི་རྣམ་པས་འགྱུར་བ་ཐེབས་པར་བརྩོན་བཞིན་ཡོད།

འདི་ལྟ་བུའི་བརྒྱུད་རིམ་ཁྲོད་དགེ་རྒན་དུ་གྱུར་བའི་ང་ཚོར་བཟོད་བསྲན་བྱེད་ཐུབ་དགོས་ལ། སློབ་མ་བརྩེ་སེམས་ཀྱིས་སྐྱོང་བ་ནས་མགོ་བརྩོམ་དགོས། ཨེ་དབྱིན་སི་ཐན་གྱིས་བརྩེ་བ་ཟབ་མོ་ནི་ཆེས་བཟང་བོའི་དགེ་རྒན་ཡིན་ལ། དེ་ནི་སྤྱིར་བཏང་གི་འོས་འགན་ལས་བར་བརྒལ་བྱེད་ཐུབ་ཅེས་བརྗོད་མྱོང་ལ། སློབ་གསོ་བ་གྲགས་ཅན་སུའུ་ཧུའུ་མུ་ལེན་སུ་ཅིས་ལགས་ཀྱིས་ཀྱང་བྱམས་དང་སྙིང་རྗེ་མེད་ན། སློབ་གསོ་བྱ་བ་ཡང་མེད་ཞེས་བརྗོད་ཡོད་པས་སློབ་མ་སེམས་ཀྱིས་བསྐྱངས་ན་ད་གཟོད་དགེ་རྒན་གྱི་སྟེང་ལ་དགའ་སྲིད་ལ། དགེ་རྒན་ལ་དགའ་ན་ངག་བརྩི་ལ། དགེ་རྒན་ལ་དགའ་ན་སློབ་སྦྱོང་ལ་རིམ་བཞིན་དགའ་མོས་བྱུང་ངེས། དགེ་རྒན་གྱི་བརྩེ་སེམས་དྲོན་མོས་སློབ་མའི་བར་ཁྱད་ལ་བརྩི་འཇོག་བྱས་ཏེ་དཀའ་ཁག་ཡོད་པ་དང་ཅུང་རྗེས་ལུས་ཡིན་པའི་སློབ་མར་ངང་སྒུག་ཐུབ་དགོས།

༤ སྤྱི་ཚོགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ།

ཚེས་༢༡ཉིན་གྱི་སྔ་དྲོ་ཁུལ་ཟློས་གར་ཚོགས་པ་སློབ་གྲྭར་བསྐྱོད་པའི་བྱ་འགུལ་སྤེལ། ཐོག་མར་ཟློས་གར་ཚོགས་པས་འཁྲབ་ཚན་ཐུང་ཐུང་ཞིག་འཁྲབ་སྟོན་བྱས་ཤིང་། དེར་མཐུད་ནས་སློབ་མ་ཚོས་འཁྲབ་སྟོན་བྱས་ཤིང་ཟློས་གར་ཚོགས་པའི་ཚོགས་མི་དང་སློབ་མའི་བར་བགྲོ་གླེང་ཞིག་ཀྱང་སྤེལ། མཇུག་མཐར་མདོ་འཛིན་པས་ཕྱོགས་སྡོམ་གྱི་ཚུལ་དུ་ཟློས་གར་འཁྲབ་སྟོན་པར་འཛོམས་དགོས་པའི་རྨང་གཞིའི་རྩལ་ཕྱོགས་གསུམ་ནས་བཤད། གཅིག་གར་སྟེགས་སྟེང་དུ་འགྲོ་བའི་ཚུགས་ཀ་དང་ཉམས་འགྱུར་ལེགས་པོ་སྦྱངས་དགོས་པ། གཉིས་ནས་འཁྲབ་སྟོན་མཁན་གྱི་ཉམས་དང་འགྱུར་བ། གསུམ་ནས་སྨྲ་དག་ལ་གསལ་བ། སྙན་པའི་ཁྱད་ཆོས་འཛོམས་དགོས་པ་བཅས་སོ།།

谈教学工作

བཞི་བ། སློབ་གྲྭའི་རིག་གནས་ཕུན་སུམ་ཚོགས་པ།

སློབ་གྲྭའི་གྱང་ངོས་ཀྱི་རིག་གནས་དང་། བར་ཁྱམས་ཀྱི་རིག་གནས། སློབ་ཁང་གི་རིག་གནས་སོགས་གྲ་དག་པ་ཞིག་ཡིན་ལ། གྱང་ངོས་རེ་རེ་དང་བར་འཁྱམས་རེ་རེ། འཛིན་གྲྭ་རེ་རེར་བརྗོད་གཞི་མི་འདྲ་བ་ཡོད་པ་མ་ཟད། གྲ་དག་པ། ངོས་གཙང་བ། སྟབས་བདེ་དོན་འདུས་ཡིན་པ་སློབ་མའི་བློ་ཁ་དང་ཧ་ཅང་འཚམ་ལ་སློབ་གསོའི་ནུས་པ་ཆེན་པོ་ལྡན་པའམ་སློབ་མའི་མིག་དཔེ་ལེགས་པོ་ཞིག་རེད། གྱང་ངོས་རེ་རེས་སློབ་མ་ལ་ཁ་བརྡ་བྱེད་ཐུབ་པའི་ཁྱད་ཆོས་འཛོམས་ཡོད། རྒྱུ་མཚན་སློབ་རའི་རིག་གནས་མང་ཤས་སློབ་མའི་བྱང་ཚད་སློབ་གསོ་དང་བརྩམས་ཆོས་ཀྱི་པར་རིས་ཏག་ཏག་ཡིན། སློབ་གྲྭའི་གྱང་ངོས་སྐོར་བཞི་ལ་དབྱེ་ཡོད་དེ། མི་སྣ་གྲགས་ཅན། ཡ་རབས་གུས་ལུགས། ཐེན་ཅིན་གྲོང་ཁྱེར་གྱི་མཛེས་ལྗོངས། ལུས་རྩལ་མཚོན་རྟགས་སོགས་བརྗོད་གཞི་ཧ་ཅང་གསལ་བོ་ཡིན་ལ། མཚོན་དོན་ཟབ་ལ་དོན་སྙིང་ལྡན་པ། སློབ་གསོའི་ནུས་པ་ཆེན་པོ་ལྡན་ལ་ཁྱད་ཆོས་ཡོད། སློབ་ཁྲིད་ཐོག་ཁང་ལ་ཐོག་རིམ་ལྟརརྒྱ་ཡིག་རིག་གནས། བྱང་ཚད་སློབ་གསོ། སློབ་རའི་རྐང་གྲུག་རིག་གནས། བརྗོད་གཞིའི་གཟའ་འཁོར་དང་དུས་ཆེན་གྱི་རིག་གནས། སློབ་མའི་བྱ་འགུལ། སློབ་མའི་གོམས་གཤིས། ཚན་རྩལ་རིག་གནས། སྒྱུ་རྩལ་རིགས་གནས་སོགས་བར་ཁྱམས་རིག་གནས་མང་ཤས་སློབ་མའི་རང་འགུལ་གྱིས་ཕྱོགས་ཡོངས་ནས་སློབ་གསོ་མྱོང་བའི་བརྒྱུད་རིམ་མཚོན་པའི་རིགས་ཡིན་པས་བརྒྱུད་རིམ་ངོ་མ་ཡིན་ལ། ཐོག་སོ་རེ་རེའི་བར་གྱི་སྐས་རིམ་གཡས་གཡོན་དུ་སློབ་མའི་བརྩམས་ཆོས་རིགས་སྣ་ཚོགས་པས་སློབ་གྲྭའི་ཐུན་མིན་གྱི་ཁྱད་ཆོས་ལྡན། བལྟས་ཚོད་ཀྱིས་སློབ་སྒྲུབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང་། སློབ་མ་གཙོར་འཛིན་པ་དང་། རང་འགུལ་གྱིས་སློབ་ལ་ཞུགས་ཤིང་སློབ་མའི་འཕེལ་རྒྱས་དང་འཚམ་པའི་སློབ་གསོ་རྒྱག་པའི་ལྟ་བ་དང་ཡོངས་སུ་མཐུན།

མདོར་ན། ཟླ་གཅིག་ཙམ་གྱི་རིང་ལ་རང་ཉིད་ལ་རེ་བ་ནན་མོ་བཏོན་ནས་ལྟ་ཞིབ་དང་འདྲི་བ། རང་སྦྱོང་། བགྲོ་གླེང་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བསམ་གཞིག་ལེགས་པར་བཏང་། སློབ་སྦྱོང་ནན་ཏན་བྱས། ཕྱོགས་སྡོམ་ཞིབ་ཚགས་བཟོས། ཉམས་མྱོང་དང་ལེགས་ཆ་རང་རྒྱུད་ལ་ལེན་ཅི་ཐུབ་ཀྱིས་སློབ་བསྒྱུར་སློབ་དཔྱོད་དང་སློབ་གྲྭའི་བྱ་འགུལ་ལ་ཧུར་བརྩོན་གྱིས་ཞུགས་པའི་མྱོང་ཚོར་ཚང་མ་རང་གི་ནུས་ཚོད་ཀྱིས་ཡི་གེར་བཏབ་པ་འདི་ཙམ་གྱིས་དགེ་གྲོགས་དག་གི་ཆེད་ལས་གོང་འཕེལ་འགྲོ་བའི་གྲོགས་དང་། སློབ་མ་སྐྱོང་བའི་ཐབས། སློབ་གྲྭའི་སློབ་གསོ་གོང་འཕེལ་གཏོང་བར་ཕན་རེ་ཐོགས་ཐུབ་པའི་སྐུལ་སློང་གཙང་མས་སྤེལ་བ་དགེ་གྱུར་ཅིག

སྤྱི་ལོ༢༠༡༩ལོའི་ཟླ༡པའི་ཚེས༣ཉིན།

天津市高雅艺术进校园合影