དེ་རིང་ནི་བཀྲ་ཤིས་གསེར་གྱི་ཉི་མས་ནོར་འཛིན་བུ་མོར་རྒྱན་ཆས་སྤྲས་པའི་ཉིན་མོ་ཡིན་ལ དེ་རིང་ནི་ལྷག་བསམ་དུང་གི་ཟླ་བས་གོ་ལ་ཟླུམ་པོར་དབུ་འཁྱུད་བྲིས་པའི་ཉིན་མོ་ཡིན།

ཐེངས་འདིའི་བྱ་འགུལ་ལ་གླིང་གཙོ་བཀྲ་བོས་གསུང་བཤད་གནང་བཞིན་པ།

དགེ་རྒན་རྣམས་ཀྱི་འགོ་ཚུགས་མཛད་སྒོའི་ཞབས་བྲོ་ངོ་མས་ཡག་སོང་།

ཡ་ཤོག་ཤོག་་་དེ་རིང་ངེད་གཉིས་རྩལ་འགྲན་ཡ།

བྱིས་པའི་མིག་ཟུང་རིག་རིག །

སྐྱིད་པའི་དགོད་སྒྲ་ལྷང་ལྷང་། །

ཐེ་ཀེའི་རྡེབ་སྒྲ་ཁྲོག་སེ་ཁྲོག།

རྒན་པའི་ལག་ཟུང་མྱུར་བ་ལ།།

བློ་གྲོས་མྱུར་རྩལ་གཞོན་པ་ལ།།

འཇུག་རྡེའུ་དཀར་ནག་འཐབ་པ་ཡག།

ཕ་ཟས་སྦྲང་དཀར་རྩམ་པ།།

ཕ་མས་ང་ལ་གནང་ཡོད།།

ང་ཡི་ཕ་དང་མེས་པོའི།།

ཟས་ཀྱི་མཆོག་གྱུར་འདི་ཡིན།།

བྱིས་པའི་ཁོག་པ་སྟོང་སེ་སྟོང་།།

འོ་ཇ་མངར་མོ་སློག་སེ་སློག་།།

རྩམ་པ་ཟ་ལ་བྲེལ་མྱུར་མྱུར།།

སྟག་ཤར་གཞོན་ནུའི་སྐྱ་རྩལ་བཟང། །

གསེར་སྒ་ལྷུ་བཞིའི་རྒྱུན་ཐག་དམ། །

སྲབ་མདའ་དར་ཐག་ལྟ་བུ་ཡག།

རྟ་མཆོག་བང་ཁ་གློག་ལས་མྱུར།།

འགྲན་ཡ་འགྲན་་དགེ་སློབ་མཉམ་འབྲེལ་ཅི་འདྲའི་སྐྱིད་པ་ལ།

ཨ་ཕ་་་དེ་རིང་ཁྱེད་ཀྱིས་ཀྱང་བྱིས་དུས་ཀྱི་སྤྲོ་སྣང་དེ་ལ་མྱོང་ཚོར་ཐེངས་གཅིག་བྱས་སོང་། ངའི་དྲིན་ཆེན་གྱི་ཕ་ལོ་དཀའ་ལས་མྱང་སོང་།

ཨ་ཕ་་་ང་འདི་ན་ཡོད་་་ཁྱེད་ཀྱིས་ང་ཨེ་རྙེད་ཀི

དྲི་བ་དྲིས་ལན

མེད་ལ་མེད་དགུ་ཨ་ནེ་ཁྱེད་ཀྱིས་རྩིས།

འཕང་ཐུར་གསེར་ཐུར་ཆ་འགྲིག་རེད།།

འཕང་ལོ་གསེར་རྡོ་ལོག་ལོག་རེད།།

སྐུད་པ་གོས་སྐུད་ལྟ་བུ་རེད།།

ཨ་ཅེ་འབྲོག་མོའི་ལག་ཤེས་ཡག།།

བལ་སྐུད་ལྷོད་ན་ལྕགས་ཐག་ཡིན།

རྩིད་སྐུད་གྲིམ་ན་ལྕགས་ཐག་ཡིན།

ལག་བསྐོར་ལག་པས་བསྐོར་བ་འགྱོགས།།

ཡ་དོ་མ་དོ་འཕྲོད་པ་ཡག།།

རྩམ་པ་ཁང་སྐྱ་འབབ་འདྲ་འདི།།

འབྲོག་མོའི་ལག་ཟས་ངོ་མ་ཡིན།

ཨ་ཕ་ཁྱེད་ཀྱི་འཁྲབ་སྟོན་དེ་དངོས་གནས་ཡག་སོང་།

འབྲོག་མོའི་མིག་གཉིས་ནག་རིལ་རིལ།།

འབའ་རྡེའུ་ལྔ་བོ་སྐྱ་ལོག་ལོག་།།

འབའ་སྟོད་མཐོ་ལ་ལག་མྱུར་མྱུར།།

འབའ་འདེབས་ན་འབའ་ར་འབའ་ཐུང་འདེབས་་ད་འདེབས་ཡ།

དེ་རིང་ད་རྒན་མོ་ངའི་ལག་རྩལ་ངོམ་ཡ།

དགའ་བའི་དགོད་སྒྲ་ལྷང་ལྷང་།།

སྐྱིད་པའི་འཛུམ་དཀར་ཤིག་སེ་ཤིག།

འགྲན་ཡ་འགྲན་་་ཤེད་ཤུགས་འགྲན།

ཐག་འཐེན་ཤེད་ཤུགས་འགྲན་པ་སོགས།།

སྲོལ་རྒྱུན་རྩེད་མོའི་རྣམ་གྲངས་འདིས།།

དགེ་སློབ་གདོང་བ་འཛུམ་གྱིས་ཁེངས།།

མ་འོངས་ལམ་ལ་སྤྲོ་བས་ཞུགས།།

ཁྱེད་ཀྱི་རྒྱབ་བསྐྱོར་ནི་ང་ཚོའི་འགུལ་ཤུགས་ཡིན།

ཁྱིམ་དང་སློབ་གྲྭའི་སློབ་གསོའི་ཕྱོགས།།

མཐུན་པའི་དཔུང་རྡང་མཉམ་དུ་སྦྲེལ།།