我的美篇

泽绒洛吾

<h3><font color="#ff8a00">གཡང་འཁོར་རྟགས་ཅན་གྱི་མགྲོན་བསུའི་སྒོ་བྱང་ཆུང་ངུ་། བོད་རང་གི་སྐད་ཡིག་ཚོང་རའི་ཁྲོད་བེད་སྤྱོད་དང་ཁྱབ་བརྡལ་འགྲོ་བའི་དགོས་མཁོར་དམིགས་ནས།ངེད་ཀྱིས་ཚོང་ཁང་སོ་སོའི་སྒོ་ཁར་བཀལ་བའི་རྒྱུན་མཐོང་གི་མགྲོན་བསུའི་སྒོ་བྱང་དེ་བོད་སྐད་དུ་བསྒྱུར་ནས་གསར་བཟོ་བྱས་ཡོད་ལ། ཐོན་རྫས་འདིས་རང་རེའི་ཁེ་ལས་དང་ཚོང་ཁང་ཆེ་ཆུང་ཀུན་ལ་སྟབས་བདེ་མི་ཉུང་བ་ཞིག་བསྐྲུན་ཐུབ་པར་ཡིད་ཆེས་ཟབ་མོ་བཅངས་ཡོད། བྱེད་ནུས་ངོ་སྤྲོད། 1.ཚོང་ཁང་དུ་མགྲོན་ཚུར་ཡོང་ལ་བསུ་མ་དང་༼ཁྱེད་རང་ཕེབས་པར་དགའ་བསུ་ཞུ༽ཕར་འགྲོ་ལ་སྐྱེལ་མ་བྱེད་པའི་ནུས་པ་ལྡན། 2.ཚོང་བདག་གིས་ཚོང་ཁང་དུ་སྐུ་མགྲོན་སླེབས་པ་མ་ཚོར་ན་ཡང་རང་འགུལ་གྱིས་བརྡ་གཏོང་བའི་ནུས་པ་ལྡན། 3.རྐུན་མ་འཛུལ་བ་ལ་སྔོན་འགོག་དང་ཚོང་ཁང་དུ་གནས་སྐབས་སུ་ཚོང་བདག་མེད་ཀྱང་ཚོང་ཁང་སྲུང་བའི་ནུས་པ་ལྡན། 4.བོད་རང་གི་སྐད་ཆ་ཚོང་ར་ཅན་དུ་འགྲོ་བ་དང་མི་རིགས་གཞན་ལ་བོད་སྐད་ཀྱི་བག་ཆགས་འཇོག་པའི་ནུས་པ་ལྡན། 5.རིགས་མཐུན་འཛད་སྤྱོད་པར་རང་སྐད་ཀྱིས་ཞབས་ཞུ་བྱེད་པའི་ནུས་པ་ལྡན། མཉམ་འཇོག་ས། ཆར་ཆུ་དང་འཕྲད་མི་རུང་། </font></h3><h3><br></h3>