དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་མཐོ་འབྲིང་གྲངས་རིག་དགེ་རྒན་གྱི་ཟབ་སྦྱོང་འཛིན་གྲྭ་དབུ་མཛུགས་པའི་མཛད་སྒོ།

རིགས་པ་མཐུན་པའི་བསམ་བློ་སྤེལ། །
རང་ཚུགས་ཐུབ་པའི་སྤོབས་པ་སྐྱེད། །
བདེན་པ་འཚོལ་བའི་སློབ་སྲོལ་འབྱེད། །
ཟེར་བ་ལྟར།
སྤྱི་ལོ2018ལོའི་ཟླ11པའི་ཚེས19ཉིན་གྱི་སྔ་དྲོར། ངེད་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གིས་སློབ་གྲྭའི་བསམ་འཕེལ་ཐོག་ཁང་གི་ཁང་བརྩེགས་གསུམ་པའི་ཚོགས་འདུ་ཁང་ནས་མཐོ་འབྲིང་གྲངས་རིག་ཟབ་སྦྱོང་འཛིན་གྲྭ་དབུ་འཛུགས་པའི་མཛད་སྒོ་སྤེལ།

མཛད་སྒོ་འདིར་སློབ་ཞིབ་ཁང་གི་གཙོ་འགན་པ་ལུའུ་ཡོན་ཧྥང(刘友芬)གིས་མདོ་འཛིན་བྱས་པ་དང་། སློབ་གཙོ་གཞོན་པ་ཀུན་དགའ། སློབ་གཙོ་གཞོན་པ་ཐོ་མཱན་ཞུའོ(托满孝)ད་དུང་སྡེ་ཁག་སོ་སོའི་གཙོ་འགན་པ་རྣམས་ཞུགས་ཡོད་ལ། མཐོ་འབྲིང་གྲངས་རིག་དགེ་རྒན་ཁག་ཅིག་དང་། རང་མོས་ངང་ཞུགས་འདོད་ཡོད་པའི་དམའ་འབྲིང་གྲངས་རིག་དགེ་རྒན་མང་པོ་ཞིག་ཀྱང་ཞུགས་ཡོད།

མཛད་སྒོའི་གོ་རིམ་འདི་ལྟར་སྟེ།
དང་པོ། ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་ལིའུ་ཅན་ཅུང(李建军)་གིས་ལས་གཞིའི་འཆར་འགོད་དྲིལ་བསྒྲགས་བྱས་པ་དང་ཞོར་དུ། ཚང་མས་ཧུར་བརྩོན་གྱིས་འབྲས་བཟང་འབྱུང་བར་འབད་དགོས་པ་སྐུལ་སློང་བྱས།

གཉིས་པ། བྱེད་སྒོ་འདི་བློ་འདོན་མཁན་དང་གོ་སྐབས་འདི་བརྩོན་ལེན་བྱེད་མཁན་གྱི་དགེ་རྒན་རིག་འཛིན་དབང་དགས།
ཁྲིད་ཐབས་རིགས་དང་པོ་ཡར་རྒྱས་བྱུང་བའི་ཀུན་སློང་དང་། སློབ་མའི་བདེ་སྡུག་གི་ཆེད་དུ་ང་ཚོས་ངེས་པར་དུ་ཐོག་མ་རང་ཉིད་ཡར་རྒྱས་དང་དེ་ནས་སློབ་མ་གོང་སྤེལ་གཏོང་དགོས་ཞེས་བཤད་པ་དང་། གོ་སྐབས་འདིར་མ་གཡོལ་ནས་མོས་པ་ཆེན་པོའི་ཞུགས་པའི་གྲངས་རིག་དགེ་རྒན་རྣམས་ལ་བཀའ་དྲིན་ཆེ་ཞུ་སོང་།
མདོར་ན་རྒན་ལགས་ཀྱིས་མི་རིགས་སློབ་གསོ་ཡི་ཆེད་དུ་ཐུགས་ཁུར་ཟབ་བཞེས་དང་ལས་འགན་དང་ལེན་མཛད་པ་སོགས་ང་ཚོའི་མཐོང་གསལ་དུ་ཡོད་ལ། ལུང་པ་འདི་ན་སྐར་མ་འོད་ཆེན་བཞིན་འཚེར་བཞིན་པའང་ང་ཚོའི་གསལ་ལེེར་ཤེས།

གསུམ་པ། སློབ་ཞིབ་ཁང་གི་གཙོ་འགན་གཞོན་པ་དང་དགེ་རྒན་བསྟན་པ་ལགས་ཀྱིས།
ཁྲིད་ཐབས་རིགས་དང་པོ་ཟེར་བ་དེ་ང་ཚོས་གསལ་པོ་ཤེས་དགོས་པ་དང་། སྐལ་བ་བཟང་པོ་འདི་བརྩོན་ལེན་བྱེད་ནས་རང་ཉིད་ཡར་རྒྱས་ལ་འབད་དགོས་ཞེས་ གསུང་པ་མ་ཟད་དད་པ་སྔོན་འགྲོ་མ་ལྟར་བྱེད་ནས་རྒན་ལ་བཀུར་ཞིང་ད་དུང་ལས་ གཞི་འདི་ལ་དགའ་བསུ་ཆེན་པོ་ཡོད་པ་དང་རྒྱབ་སྐྱོར་ཆེན་པོ་ཡོད་པ་གསུངས།

བཞི་བ། དགེ་རྒན་ཚེ་བསྟན་སྒྲོལ་དཀར་གྱིས་གྲངས་རིག་དགེ་རྒན་རྣམས་ཀྱི་སྐུ་ཚབ་བྱེད་ནས་གཏམ་བཤད་བྱ་བ།
ཁོང་གིས་སློབ་གྲྭའི་མགོ་ཁྲིད་དང་གོ་སྐབས་འདི་སྟེར་མཁན་གྱི་དགེ་རྒན་རྣམས་ལ་བཀའ་དྲིན་ཆེ་ཞུ་བ་དང་། ང་ཚོའི་གོ་སྐབས་འདི་དམ་འཛིན་བྱེད་ནས་གྲངས་རིག་ཆུ་ཚོད་ཇེ་མཐོར་འགྲོ་བ་འབད་ངེས་ཡིན་ཞེས་དམ་བཅའ་བཞག

ལྔ་བ། སློབ་གཙོ་གཞོན་པ་ཀུན་དགའི་མཛད་སྒོ་ལ་ཕྱོགས་བསྡུས་ཀྱི་གསུང་བཤད་གནང་བ།
ཁོང་གིས་ལས་དོན་དེར་ངའང་ཡིད་འཐད་ཡོད་ལ། དེ་རིང་དགའ་བ་དཔག་མེད་པ་བྱུང་ཞེས་གསུང་ཞོར་དུ། དགེ་རྒན་རིག་འཛིན་དབང་དགའ་གཙོ་བྱེད་པའི་ལས་གཞིའི་འབྲེལ་ཡོད་ཁག་གི་མི་སྣ་ཡོངས་ལ་བཀའ་དྲིན་ཆེ་ཞུ་སོང་། ད་དུང་གྲངས་རིག་དགེ་རྒན་རྣམས་ལ་འབད་པ་བྱ་དགོས་པ་སྐུལ།

དུས་འདིར་རྩི་ཤིང་གི་གྲང་ངད་མི་ཐུབ་ནས་ཡུལ་ལུང་འདིར་སྐྱ་སེང་སེང་དང་། ལུས་ཁམས་འདིར་འཁྱག་སིལ་སིལ་བྱེད་ཀྱང་། ངེད་རྫོང་སློབ་འབྲིང་གི་དགེ་རྒན་ཁག་ཅིག་ནི་ཡིད་ཆེས་དང་སྤོབས་པས་བཟི་ནས།ཚ་ཚ་འུར་འུར་གྱིས་མི་སེམས་དྲོ་རུ་འཇུག་པའི་ལས་སྐལ་བཟང་པོ་འདི་ལ་བྲེལ་མགོ་བརྩམས།