བོད་པ་ཚང་གི་གཞིས་ཁྱིམ་དྲོལ་མོ

给我根牙签我能翘起地球

འབྲོག་པའི་རྩྭ་ཐང་ནི་གཡའ་དག་ཞིང་མཁའ་དབུགས་གཙང་ལ། རྟ་ནོར་ལུག་གསུམ་ནི་ང་ཚོས་འཚོ་བསྟེན་ཡིན། སྦྲ་ནག་ནི་ས་འགུལ་དང་གྲང་རླུང་གི་གཡོ་མི་ནུས་པའི་ང་ཚོས་མགོ་སྦྲ་སྨུག་པོ་ཡིན།

ཐེ་གེ།

གཡང་མོ་ལུག་དང་འདོ་ཕྲུག་རྟ། །ཙི་ཙི་ར་དང་ཁྱུང་དཀར་མཛོ། །

སེང་གེ་གླང་ཆེན་སྲོག་ཆགས་དྲུག །ཐེ་གེ་དཀར་བོའི་ངོས་སུ་གསལ། །

འབའ་རྩེད།

གོང་མ་རྒྱལ་བོས་འབའ་འདེབས་ན། །འབའ་རྡེའུ་གསེར་རྡེའུ་དངུལ་རྡེའུ་དགོས། །སྲས་དང་སྲས་མོས་འབའ་འདེབས་ན། །འབའ་རྡེའུ་གཡུ་དང་བྱུ་རུ་དགོས། །འབའ་ལ་རྡེའུ་སྤུན་ལྔ་སྟེ། །ན་ཆུང་བྱིས་པའི་རྩེད་གྲོགས་ཡིན། །

འགྲིག

འགྲིག་གདན་བདེ་མོ་ཐང་ན། །རྡེའུ་དཀར་ལུ་གུ་ལྡིང་ལྡིང་། །རྡེའུ་ནག་བེའུ་ངུར་ངུར། །རྡེའུ་རྫི་བྱིས་པ་ཆུང་ཆུང་། །

འོ་ཟོམ།

གསོམ་དཀར་འོ་ཟོམ་མཛེས་མཛེས། །འོ་མའི་རྒྱ་མཚོ་མེར་མེར། །འོ་རྟའི་འཕར་འདེགསལྕུག་ལྕུག །འབྲི་མར་སེར་བོ་འཁྲུངས་འཁྲུངས། །