འཇིག་རྟེན་བྱ་བ་ལད་མོ་ཡིན།ལད་མོ་ནང་ནས་གང་མཁས་ཡིན།

甘中

༄༅།། དགེ་རྒན་རེའུ་ཅུང་ཝན་ལགས་ཀྱི་སློབ་ཁྲིད་ལ་གཞིགས་ཏེ་རང་གི་ཚོར་སྣང་ཅུང་ཟད་གླེང་བ།

སྤྱི་ལོ2018ལོའི་ཟླ11པའི་ཚེས5ཉིན་གྱི་སྔ་དྲོར། ངེད་བརྗོད་གཞི་ཚོ་ཆུང་གིས་མཐོ་གསུམ་གཉིས་པའི་སློབ་ཁང་ནས་ལོ་རྒྱུས་ཆེད་མཁས་པ་དགེ་རྒན་རེའུ་ཅུའུ་ཝན༼任军伟༽ལགས་ཀྱི་སློབ་ཁྲིད་ལ་ཞིབ་འཇུག་དང་བགྲོ་གླེང་བྱེད་པའི་བྱེད་སྒོ་སྤེལ།

རྒན་རེའུ་ཅུའུ་ཝན་ལགས་ནི་ངེད་བརྗོད་གཞི་ཚོ་ཆུང་གི་འཐུས་མི་ཡིན་ལ། ཕུལ་དུ་བྱུང་བའི་ལོ་རྒྱུས་ཆེད་མཁས་ཀྱི་དགེ་རྒན་ཞིག་ཀྱང་ཡིན་པས་ཉིན་འདིར་ང་ཚོས་ཁོང་ཉིད་ཀྱི་སློབ་ཁྲིད་ཉན་ནས་སློབ་ཁྲིད་ཐབས་ལམ་བཟང་པོ་ཞིག་རྙེད་པའི་རེ་བ་བྱས་པ་ཡིན།

རྒན་ཁོང་ཉིད་ཀྱི་སློབ་ཁྲིད་བྱེད་ཐབས་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་བ་འགའ་འདུག་སྟེ། རེ་རེ་བཞིན་ཞུས་ན། གཅིག སྒྲིག་གཞི་དམ་པ། སྐར་མ་བཞི་བཅུའི་སློབ་ཁྲིད་ཧྲིལ་པོ་ལ“ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས”ཞེས་པའི་བརྗོད་བྱ་འདི་སྙིང་པོར་བཟུང་ནས་ཐོག་མཐའ་བར་གསུམ་དུ་དེ་དང་འབྲེལ་ཡོད་ཀྱི་ཤེས་བྱ་རེ་རེ་བཞིན་ངོ་སྤྲོད་གནང་སོང་། གཉིས། སྒྲུང་བཤད་པའི་ཉམས། སློབ་ཁྲིད་དེ་གནའ་མི་ཞིག་གིས་གནའ་སྒྲུང་བཤད་པ་བཞིན། ཤིན་ཏུ་སྙན་པའི་གཏམ་རྒྱུད་ཅིག་བཤད་པ་ལྟ་བུའི་ཚོར་སྣང་སྟེར། གསུམ། དཀའ་གནད་དང་གཙོ་གནད་གསལ་བ། གནད་ཆེ་བའི་མིང་ཚིག་ཁག་དང་ཤེས་བྱ་དག་ལྐོག་གྱུར་ནས་མངོན་གྱུར་དུ་སྐྱོད་པའི་ཐབས་ལམ་སྤེལ་ཏེ་མཚམས་སྦྱོར་གནད་ལ་འཁེལ་བ་བྱས་སོང་། བཞི། ལོ་རྒྱུས་ལ་བྱང་བ། དཔེ་ཆ་ལ་བལྟས་པ་དང་ཡིག་ཆ་ཁྱེར་བ་སོགས་ཀྱི་ངལ་བ་མཛད་མི་དགོས་ཤིང་།pptཁེར་རྐྱང་གི་རམ་འདེགས་བརྒྱུད་ནས་ཤེས་བྱའི་གནད་མཐའ་དག་གསོན་ཉམས་ལྡན་པའི་ངང་ནས་འཆད་པ་དེས་ཉན་པ་པོ་རྣམས་ལ་རྒན་ཁོ་རང་ལོ་རྒྱུས་ལ་ཤིན་ཏུ་བྱང་བའི་ཚོར་སྣང་རྣལ་མ་ཞིག་སྟེར།

མཐར་ངེད་བརྗོད་གཞི་ཚོ་ཆུང་གི་དགེ་རྒན་རྣམས་མཉམ་གཅིག་དུ་འདུས་ནས་སྐད་གཉིས་སློབ་གསོའི་ཁྲིད་ཐབས་རིགས་དང་པོ་ལ་སློབ་ཁྲིད་བྱེད་ཐབས་འདི་ལྟ་བུ་དང་ཆེད་ལས་དགེ་རྒན་འདི་ལྟ་བུ་ནི་མི་འདང་བའི་གནད་དོན་གལ་ཆེན་ཞིག་ཡིན་པ་ཚང་མས་མཉམ་གཅིག་ཏུ་བཞེད་པ་དང་། དགེ་རྒན་རེའུ་ཅུའུ་ཝན་ལགས་ཀྱི་སློབ་ཁྲིད་ལ་གདེང་འཇོག་མཐོན་པོར་བྱས།

གནའ་མིའི་གཏམ་དཔེ་ལ། འཇིག་རྟེན་བྱ་བ་ལད་མོ་ཡིན། ལད་མོ་ནང་ནས་གང་མཁས་ཡིན་ཟེར་བ་བཞིན། འདི་ལྟ་བུའི་དགེ་རྒན་གྱི་སློབ་ཁྲིད་བརྒྱུད་ནས་ང་ཚོའི་དེར་ལད་མོ་བྱེད་ཞོར་དུ་རང་མི་རིགས་ཀྱི་སྐད་ཡིག་གི་འགྲོས་དང་མཐུན་པའི་ཐབས་ལམ་གསར་པ་རེ་ཁ་གསབ་བྱེད་ཐུབ་ན། ཁྲིད་ཐབས་རིགས་དང་པོའི་སློབ་ཁྲིད་བྱེད་ཐབས་ཀྱི་རྒྱལ་ཁ་དང་ཐག་རིང་པོ་མེད་པའི་ངེས་ཤེས་ཟབ་མོ་རྙེད།