བྲིས་མ་སྦྱངས་ན་དཔའ་བོ་ལག་རྡུམ་འདྲ།

福多多

རྩོམ་ལ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། ། དཔའ་རྩལ་ཆེ་བའི་དཔའ་བོ་ལག་་རྡུམ་འདྲ། ། འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། ། ཐོག་མ་ཉིད་ནས་འབད་པར་རིགས་ཞེས་གསུངས། ། དེས་ན་བོད་ཡིག་ཀྱང་དག་སྙོམས་མཛེས་གསུམ་གྱིས་འབྲི་ཤེས་པར་བྱ་དགོས།

བྲིས་ངན་ལོབ་ན་བསྒྱུར་རྒྱུ་དཀའ་ལ་བྲིས་ངན་མིས་མི་ཆོད་ཞག་གསུམ་འགོར་ནརང་གིས་མི་ཆོད་ཟེར་བཞིན་དགོད་སྤྲོ་བའི་གནས་སུ་གྱུར།

རྒྱུ་མཚན་དེས་ན་བོད་ཡིག་སྦྱོང་མཁན་དང་པོ་བ་རྣམས་ལ་གོམས་གཤིས་བཟང་བ་དང་འབྲི་ཐབས་ལེགས་པར་ཐོན་པའི་ཕྱིར་དུ།

རང་རེའི་སློབ་གྲྭས་རྒྱབ་སྐྱོར་དང་གཞོན་ནུ་ཕོ་བྲང་གི་སློབ་གསེང་སློབ་ཐུན་གྱི་དགེན་རྡོ་རྗེས་རྩ་འཛུགས་འོག་ནས།

སློབ་གྲྭ་ཡོངས་ནས་བྲིས་ལ་དགའ་མོས་ཡོད་ཅིང་རྨང་གཞི་རགས་ཙམ་ལྡན་པའི་སློབ་མ་སུམ་ཅུ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་སྡུད་རུབ་བྱས།

བྲིས་ལོ་རྒྱུས་དང་ཡོན་ཏན་སྨྱུ་གུའི་འཛིན་སྟངས་སོགས་ནང་དོན་གྱ་ནོམ་པ་ཞིག་འཆད་དེ་བྲིས་སློབ་ཁྲིད་ཀྱི་འགོ་ཚུགས།

སློབ་མ་ཚོས་སྐོམ་པས་ཆུ་འདོད་ལྟར་མིག་ཅེ་རེར་སློབ་ཁྲིད་ལ་གཡེང་ནས་དབུགས་འབྱིན་རྔུབ་ཀྱི་ཁོམ་པའང་བྲལ།

བྲིས་ལོ་རྒྱུས་སོགས་ཡིད་ལ་ངེས་ཏེ་ཏན་ཏན་ཏིག་ཏིག་གིས་གསལ་བྱེད་ཀྱི་སྨྱུག་རིམ་དང་འབྲི་ཐབས་སྦྱང་།

སྦྲང་མ་མེ་ཏོག་ལ་འཁོར་བཞིན་རང་ནུས་གང་ལྕོགས་ཀྱིས་གཟབ་གཟབ་བྲིས་པས་མངོན་གསལ་དོད་པོའི་ཡར་ཐོན་བྱུང་།

རྟག་ཏུ་འབད་བརྩོན་བྱས་ན་འབྲས་བུ་གཡུར་དུ་ཟ་བར་ངེས།

སློབ་མ་ཡོངས་ལ་གྲུབ་འབྲས་ལེགས་པོ་ཞིག་ཐོབ་པར་སྨོན་ནོ། །

བཀྲ་ཤིས་བདེ་ལེགས་ཕུམ་སུམ་ཚོགས་པར་ཤོག།