དེ་རིང་བཀྲ་ཤིས་དོན་འགྲུབ་ཀྱི་ཉིན་མོ། རྟེན་འབྲེལ་གྱི་མགོ་མ། ཁ་གཡང་གི་ཐོག་མ།
དེ་རིང་ནི་ཁྱེད་ཚོ་ལ་ཐོབ་པའི་དྲུག་གཅིག་གི་དུས་ཆེན་ཉི་མ་ཡིན།
དེ་རིང་ནི་དྲུག་གཅིག་ཡིན་པས་། དགུང་ཨ་སྔོན་མཐོན་པོའི་སྤྲིན་གྱི་འགྱུར་སྟངས་ལེགས་འདུག།
དེ་རིང་ནི་བྱིས་པའི་དུས་ཆེན་ཡིན་པས། གཙང་ཆབ་སྔོན་མོའི་བཞུར་སྒྲ་སྙན་འདུག།
དེ་རིང་ནི་ལོ་ལོའི་དུས་ཆེན་ཡིན་པས་། དྲིན་ཕ་མའི་ཞལ་རས་འཛུམ་གྱིས་ཁེངས་འདུག་།

དྲན་ཆེན་གྲོང་བརྡལ་ལྟེ་གནས་བྱིས་སྐྱོང་གླིང་གི་གླིང་གཙོ་དགེན་པདྨ་དབང་མོ་ལགས་ཀྱིས་ཕུལ་བྱུང་གི་ཁྱིམ་བདག་ཨུ་ཡོན་ལ་བྱ་དགའ་གནང་བ།

དྲན་ཆེན་གྲོང་བརྡལ་ལྟེ་གནས་བྱིས་སྐྱོང་གླིང་གི་གླིང་གཙོ་གཞོན་པ་དགེན་ཀུན་མཆོག་ལྷུན་འགྲུབ་ཀྱིས་ཕུལ་བྱུང་སློབ་མ་ལ་བྱ་དགའ་གནང་བ།

ཁྲི་འདུ་རྫོང་དྲན་ཆེན་གྲོང་རྡལ་ཆོས་མཛོད་བྱིས་སྐྱོང་གླིང་གི་དྲུག་གཅིག་བྱིས་པའི་དུས་ཆེན་མཚམས་འདི་ནས་མཇུག་རྫོགས་སོང་།ད་ཐེངས་ཕྱོགས་སོ་སོར་ཕེབས་པའི་མགོ་ཁྲིད་དང་ས་གནས་འདིའི་ཁྱིམ་བདག། ལྟེ་གནས་བྱིས་སྐྱོང་གླིང་གི་དགེན་ཡོངས་ཀྱིས་རྒྱབ་སྐྱོར་དང་ཐུབ་ཁུར་འོག་ནས་རང་བྱིས་སྐྱོང་གླིང་གི་དྲུག་གཅིག་བྱིས་པའི་དུས་ཆེན་ལེགས་འགྲུབ་ངང་ནས་མཇུག་སྒྲིལ་སོང་། བདག་རང་བྱིས་སྐྱོང་གླིང་གི་དགེ་སློབ་ཡོངས་ཀྱི་ཚབ་བྱས་ནས་ཁྱེད་ཅག་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ།