ལོ་ཟླར་འཐེན་པའི་དངན་པ།

KG•Jamyang

ལོ་ཟླར་འཐེན་པའི་དངན་པ།

_________རྣམ་འབྱེད་ཤེས་རབ།

བཀའ་པོཏ་སེངྒེའི་འོ་མ་ལས་བསོད་ཀྱི་ཟོ་བར།།
ཚེ་འདིར་ཤེས་བརྩོན་ལག་པས་བཞོ་རྒྱུ་ཞིག་བྱུང་ན།།
ཟག་ཕུང་ལུས་ཀྱི་འདུ་བྱེད་གཞོན་དུས་ནས་རྫོགས་ཀྱང་།།
འགྱོད་མེད་སེམས་ཤུགས་བཅངས་པ་ཁ་ཕོ་ཙམ་མིན་མོད།།

སྔོན་གྱི་ལས་སམ་འཕྲལ་རྐྱེན་གང་ཞིག་གི་དབང་གིས།།
ད་ལྟ་ཉིན་མཚན་སྦྲེལ་ཏེ་མནོག(༡)ཆུང་གི་ལས་ཀར།།
ལུས་སེམས་འདུ་འགོད་གཞན་གྱི་ཁ་གཏོགས་ཀྱི་འོག་ཏུ།།
ལོ་ཟླའི་ཕྲེང་བ་གཅིག་འཐིམ་གཉིས་ཟད་དུ་འགྲོའོ།།

ཡུན་རིང་ཆོས་ཀྱི་འབེལ་གཏམ་ཤ་ཐང་དུ་མོལ་སའི།།
ཆོས་མཐུན་རིགས་སྨྲའི་འདུས་ཚོགས་མདུན་སྐྱོད་ཀྱི་གོམ་སྒྲ།།
ཡང་ཡང་ཆ་འཕྲིན་བརྒྱུད་ནས་མཐོང་ཐོས་སུ་བྱུང་ཚེ།།
ཡིད་ཀྱི་རྟ་ཕོ་འདྲོགས་ནས་འདུལ་ཐབས་རང་དཀའ་འོ།།

ཐོས་པའི་མིག་འབྲས་སྟོར་བའི་ངང་ཚུལ་ནི་བསམ་ཚེ།།
རང་སེམས་དམུས་ལོང་ཡིན་པའི་ན་ཟིག་ནི་ཆེ་ཡང་།།
གང་བསགས་ལས་ཀྱི་རྣམ་པར་སྨིན་པ་ཡིན་བསམ་ན།།
ལྟོས་འཇོག་འོས་འཚམ་ཡིན་པའི་བྱ་བཞག་འདིར་འཐམ་དགོས།།

གཞན་གྱི་ངོ་བསྲུང་མེད་པར་གཞུང་དྲང་གི་ངང་དུ།།
སྤྱི་དོན་ཅི་ལྕོགས་བསྒྲུབ་པ་མིར་སྐྱེས་པའི་དོན་གོ།།
འོན་ཏང་འཆད་ཉན་ལས་ཀ་བསྐྱུར་དགོས་ཚུལ་བསམ་ན།།
སྙིང་རྩ་གྲི་ཡིས་གཅོད་འདྲའི་ན་ཟུག་ནི་ཆེའོ།།

དེ་ལྟར་རང་བྱ་བསམ་ན་རང་ཉིད་ལ་ཡི་མུག།
གཞན་བྱ་བསམ་ན་གཞན་ཡང་བྲིད་ངེས་སུ་དོགས་པས།།
ད་ནི་སྐྱིད་སྡུག་ཅི་བྱུང་བླ་མ་མཁྱེན་སྙམ་དུ།།
གདུང་དབྱངས་གཅིག་གིས་ཉི་མ་འཕུད་སྙིང་ལས་མི་འདོད།།

༢༠༡༨/༧/༡༩ཉིན།