མཐོང་ཡངས་ནམ་མཁའི་དབུས་ལ།།

སྤྲིན་དཀར་ན་བུན་ལང་ལོང་།།

སྤང་ལྗོངས་གཡུ་མདངས་ཅན་ནས།།

མེ་ཏོག་འདབ་མ་ལྷུག་ལྷུག།

དྲི་བསུང་སྣ་ལ་ཞུམ་པའི།།

ཁོར་ཡུག་མཛེས་པ་འཁྱུག་འཁྱུག།

སྐྱིད་པའི་དབྱར་གཞུང་འདི་ནས།།

ཞིམ་མངར་ཟ་མ་ཟོས་བས།།

རོ་བཅུད་ཁ་ལ་ཞིམ་པའི།།

ཨ་མའི་ལག་ཟས་དྲན་བྱུང་།།