རྗེས་དྲན་དད་པའི་དུང་དཀར།(副本)(副本)

美友17171687

རྗེས་དྲན་དད་པའི་དུང་དཀར།

ཤར-རང་རྐྱང་པས།

སྐྱབས་མཆོག་རྒྱལ་བའི་རྣམ་སྤྲུལ་རྗེ་གཅིག་ལགས།།

ཆུ་སྟོད་ཟླ་བའི་ཡར་ངོའི་ཚེས་བདུན་སླེབ།།

ཁྱེད་ཉིད་མི་རྟག་བཞེས་པའི་སྐལ་བཟང་དུས།།

སློབ་འབངས་ཁྲི་མ་འབུམ་གྱིས་རྗེས་དྲན་མཆོད།།

འཛམ་གླིང་མཁས་མང་གཙུག་རྒྱན་རྒྱལ་ཚབ་བ།།

རྒྱལ་བསྟན་ནོར་བུའི་བང་མཛོད་ཁྱེད་ཉིད་རྗེ།།

འགྲོ་དྲུག་འདྲེན་མཁས་རྟ་བདུན་དབང་པོ་འཚངས།

སྤང་རྟོཊ་མཐར་ཕྱིན་མཐུ་སྟོབས་རྣམ་རྒྱལ་འདོད།།

སངས་རྒྱས་ཚབ་བྱས་སྲིད་འདིའི་མངོན་བྱོན་པ།།

སྙིགས་མའི་དུས་འདི་འགྲོ་འདྲེན་འཕཊ་པ་མཆོག།

ཤེས་བྱ་བློ་གྲོས་ནམ་མཁའ་ཇི་བཞིན་ཁྱབ།།

ཤར་རྫའི་དར་ཆེན་སྲིད་གསུམ་སྒྲ་ཆེན་སྒྲོགས།།

ངེས་དོན་རྟོགས་ལྡན་རྣལ་འབྱོར་བྱ་བྲལ་ཁྱེད།།

རྒྱལ་བསྟན་སྐྱོང་ཞིང་སྡེ་སྣོད་གསུམ་ལ་མཁས།།

གཞན་སེམས་དུས་རྟགས་ཁུར་ཏེ་བྱང་སེམས་སྒམ།།

མཛད་འཕྲིན་ས་སྟེང་ཁྱབ་པར་ཨེ་མ་ཧོ།།

དབེན་པའི་གནས་ལ་གྲུབ་པའི་ཞལ་རྗེ་བཞག།

སྐྱེས་བུ་མཆོག་ལ་དམ་པའི་ཀ་ཆེན་བཙུགས།།

དག་པའི་དབྱིངས་སུ་གཟུགས་སྐུ་གཤེགས་ན་ཡང་།།

མཐོ་རིང་སྐར་ཆེན་ཤར་རྫའི་རི་ལ་ལྷུང་།།

ཅེས་པ་འདི་ཉིད་མཚོ་སྔོན་རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་སློབ་གཉེར་བ་འཆི་མེད་དབང་ལྡན་འམ་ཤར-རང་རྐྱང་པ་འབོད་པ་དེས། གྲུབ་དབང་ཤར་རྫ་བའི་རྒྱལ་ཚབ་གཉིས་པ་མཐུ་སྟོབས་རྣམ་རྒྱལ་མཆོག་ལ་རྗེས་དྲན་དུ་ཕུལ་བའོ།།