ཤེས་རིག་འགྲན་རྒྱུགས་ཀྱི་བྱ་འགུལ།

美友12049206

སློབ་གླིང་གསར་འགྱུར། བོད་ཡིག་སྡེ་ཁག

ཨ་སྔོན་གནམ་ནས་གསེར་མདོག་གི་ཉི་འོད་འཕྲོ་ཞིང་དོག་མོ་ས་རུ་རྩི་ཤིང་མེ་ཏོག་བཞད་པའི་དབྱར་ཟླ་༧ཚེས་༡༣ཉིན་གྱི་ཕྱི་དྲོར་ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་སྡེ་ཁག་གིས་གཙོ་སྐྱོང་བྱས་ཏེ་༢༠༡༦ལོའི་བོད་ཡིག་འཛིན་གྲྭ་ལྔ་དང་༢༠༡༧ལོའི་བོད་ཡིག་འཛིན་གྲྭ་བཞིའི་སློབ་ཕྲུག་ཡོངས་ལ་མི་རིགས་རང་གི་རིག་གཞུང་ལ་དུང་བ་དང་འཚོ་བའི་རྒྱུན་ཤེས་སྐོར་ལ་རྒྱུས་ལེན་གཏིང་ཟབ་ཀྱི་ཆེད་དུ་ཤེས་རིག་འགྲན་རྒྱུགས་ཀྱི་བྱ་འགུལ་དེ་སློབ་རྭའི་ལུས་རྩལ་ཐང་ཆེན་དུ་སྤེལ་འདུག

བྱ་འགུལ་དེར་སློབ་མའི་དོ་དམ་སྡེ་ཁག་གི་དབུ་ཁྲིད་དོན་གྲུབ་ཚེ་རིང་དང་སློབ་དོན་ཁང་གི་རྒན་པདྨ་ཚེ་རིང་གཙོ་བྱས་པའི་བོད་ཡིག་སྡེ་ཁག་གི་དགེ་རྒན་རྣམ་པ་བྱ་འགུལ་དུ་ཞུགས་ནས་ཐེངས་འདིའི་རྒྱུགས་ལེན་བྱ་འགུལ་ལ་དྲང་བདེན་དྲང་བཞག་གི་ལམ་ནས་རྒྱུགས་རྟོགས་པའི་ལས་ཀ་ལ་རྒྱབ་སྐྱོར་དང་ཤུགས་སྣོན་གནང་བ་དང་མ་ཚད་རྒན་དོན་གྲུབ་ཚེ་རིང་ལགས་ཀྱིས་གཟབ་ནན་གྱི་ངང་ནས་མི་འགྱངས་བར་དངོས་སྦྱོང་གི་ལམ་ཆེན་དུ་བསྐྱོད་རིན་པའི་སློབ་ཕྲུག་དག་ལ་ཕ་མེས་ཤུལ་བཞག་རིག་གནས་ཀྱི་དགེ་མཚན་དང་མི་བུ་རང་རང་གི་འགན་འཁྲི་ཐད་ནས་གསུང་བཤད་བསྟུད་མར་གནང་སྟེ་ཐེངས་འདིའི་བྱ་འགུལ་རྒྱལ་ཁའི་ངང་ནས་མཇུག་སྒྲིལ་ལོ།

སློབ་ཕྲུག་རྣམ་པས་བློ་རྩེ་གཅིག་སྒྲིམ་གྱི་ལམ་ནས་རྒྱུགས་ལེན་འདེབས་བཞིན་པ།

རྒྱུགས་རའི་ཟུར་ཞིག

རྒན་དོན་གྲུབ་ཚེ་རིང་ལགས་ཀྱིས་སློབ་བུ་ཡོངས་ལ་གསུང་བཤད་གནང་བཞིན་པ།

རྟག་གུས་བརྩོན་པ་མ་བཏང་ན།།

མི་འགྲུབ་བྱ་བ་ཅི་ཡང་མེད།།

ཆུ་ཐིགས་རྟག་ཏུ་འབབ་པ་ཡིས།།

བྲག་གི་རི་བོ་འབིགས་ལ་ལྟོས།།

་་་་་་་༼ཆུ་ཤིང་བསྟན་བཅོས་ལས་དྲངས།༽

བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གསར་འགོད་ཚན་ཆུང་ཁང་ནས

༢༠༡༨ལོའི་ཟླ་༧ཚེས་༡༣ཉིན་སྤེལ།