རྒྱ་སྒུར་སྐད་གཉིས་བྱིས་སྐྱོང་ཁང་གིས་2018ལོའི་སྟོན་ཀར་གཅེས་ཕྲུག་གསར་བ་བསྡུ་བའི་བརྡ་ཐོ།

清晨的星星

ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་རྒྱ་སྒུར་སྐད་གཉིས་བྱིས་སྐྱོང་ཁང་གིས་

2018ལོའི་སྟོན་ཀར་གཅེས་ཕྲུག་གསར་བ་བསྡུ་བའི་བརྡ་ཐོ།

碌曲县玛艾镇加格双语幼儿园2018年秋季新生招生通知

གུས་པར་འོས་པའི་ཁྱིམ་བདག་རྣམ་པ།

ཀླུ་ཆུ་རྫོང་མ་ངེ་གྲོང་རྡལ་རྒྱ་སྒུར་སྐད་གཉིས་བྱིས་སྐྱོང་ཁང་གིས་2018ལོའི་སྟོན་ཀར་གཅེས་ཕྲུག་གསར་བ་བསྡུ་བའི་གནས་ཚུལ་གཤམ་གསལ།

གཅིག གཅེས་ཕྲུག་བསྡུ་བའི་རྩ་དོན།

ཁུལ་དང་རྫོང་སློབ་གསོ་ཅུས་ཀྱི་སློབ་བསྡུ་ཡིག་ཆའི་དགོངས་དོན་བཞིན་"སློབ་ཡོན་མི་དགོས་པ་དང་ཉེ་འབྲེལ་འདྲ་མཉམ། སློབ་བསྡུའི་ས་ཁུལ་དང་སྡེ་དམངས་ཀྱི་ཁྱབ་ཁོངས་”བཅས་ཀྱི་རྩ་དོན་དག་གཞིར་བཟུང་ནས་བསྡུ་རྒྱུ།

གཉིས། གཅེས་ཕྲུག་བསྡུ་བའི་ཆ་རྐྱེན།

ཆུང་རིམ་འཛིན་གྲྭ(2014ལོའི་ཟླ་9ཚེས་1ཉིན--2015ལོའི་ཟླ་8ཚེས31ཉིན་གྱི་བར་དུ་སྐྱེས་པའི་བྱིས་པ་སྟེ། ལོ་3--4ཅན་ཡིན་དགོས)

འབྲིང་རིམ་འཛིན་གྲྭ (2013ལོའི་ཟླ་9ཚེས་1ཉིན--2014ལོའི་ཟླ་8ཚེས31ཉིན་གྱི་བར་དུ་སྐྱེས་པའི་བྱིས་པ་སྟེ། ལོ་4--5ཅན་ཡིན་དགོས)

ཆེ་རིམ་འཛིན་གྲྭ (2012ལོའི་ཟླ་9ཚེས་1ཉིན--2013ལོའི་ཟླ་8ཚེས31ཉིན་གྱི་བར་དུ་སྐྱེས་པའི་བྱིས་པ་སྟེ། ལོ་5--6ཅན་ཡིན་དགོས)འཛིན་གྲྭ་སོ་སོའི་བྱིས་པའི་ལོ་ཚད་ཁྱིམ་ཐོ་གཞིར་འཛིན་རྒྱུ། (འཛིན་གྲྭ་རེར་བྱིས་པ་སུམ་ཅུ་སོ་ལྔའི་ཚད་ཡིན)