རྒྱུགས་ལེན་སྐབས་མཉམ་འཇོག་བྱེད་དགོས་པ་འགའ།  དང་པོ། ཟས་རིགས་སྐོར་ལ་མཉམ་འཇོག་དགོས། ཁ་ཚའི་རིགས་དང་ཞོར་ཟས་སྤང་དགོས། འཁྱགས་ཟས་ཀྱི་རིགས་མ་ཟོས་ན་བཟང་། གཉིས་པ། དུ་ཆང་ལ་གཏན་ནས་རོལ་མི་རུང་།

གསུམ་པ།  ཡིད་ཆེས་དང་སྤྲོ་བའི་སེམས་ཁམས་ཀྱིས་རྒྱུགས་ལ་ཞུགས་པ་ལས་སེམས་འཚབ་མི་རུང་།

བཞི་བ། དགོང་མོ་དུས་ཚོད་བཅུའི་སྔོན་ལ་ངེས་པར་ངལ་གསོ་དགོས། ངལ་གསོ་བ་འཕྱི་མི་རུང་།

ལྔ་བ། སྔ་དྲོ་དུས་ཚོད་བདུན་དང་ཕྱེད་ཀའི་ཐོག་ངེས་པར་སློབ་གྲྭར་ཐོན་དགོས།

དྲུག་པ། ཉིན་གུང་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་ངེས་པར་སློབ་གྲྭར་ཐོན་དགོས།

བདུན་པ། རྒྱུགས་ལེན་མཁོ་ཆས་སྨྱུག་གུ་དང་ཞ་སྨྱུག གཞོག་གྲི་སོགས་གྲ་སྒྲིག་གང་ལེགས་བྱས་ཏེ་ཚགས་སུ་ཆུད་དགོས།

བརྒྱད་པ། རྒྱུགས་མ་བྲིས་སྔོན་ལ་ཐོག་མར་རྒྱུགས་ཤོག་གི་ནང་དོན་ལ་རགས་ཙམ་བལྟ་དགོས། རྒྱུགས་འབྲི་དུས་དྲི་བར་ནན་ཏན་གྱིས་བཀླག་དགོས་ཤིང་། དྲིས་ལན་གོང་འོག་མ་ནོར་བར་བྱས་ཏེ་དྲིས་ལན་བྱང་བུར་གྲལ་དག་པར་འགོད་དགོས།

དགུ་བ།  རྒྱུགས་ཤོག་གི་ངོས་སུ་མིང་དང་། རྒྱུགས་ཞུགས་ཨང་གྲངས་བཅས་མ་ནོར་བར་འབྲི་དགོས་ཤིང་། དྲིས་ལན་བྱང་བུར་ཡི་གེའི་གཟུགས་ལེགས་ཤིང་། གྲལ་མཉམ་པར་འབྲི་དགོས་པ་དང་བྲིས་པ་ངེས་པར་གྲལ་དག་གཙང་མ་ཡིན་དགོས།

བཅུ་བ། རྩོམ་ཡིག་ལ་ཚན་པ་བཀར་ནས་འབྲི་དགོས་ཤིང་། ཡིག་གྲངས་ལོངས་དགོས་པ་མ་ཟད། བརྗོད་བྱ་གནད་དུ་ཁེལ་དགོས་ཤིང་། ཡིག་གཟུགས་ལེགས་དགོས།