བྱིས་བློ་དྭངས་མའི་བང་ཁ་ན།།

མཛད་མེད་རིག་པའི་སྒོ་མོ་ཞིག།

སློབ་ར་ཡངས་བོའི་ཁོར་ཡུག་ན།།

དགེ་རྒན་དམ་པའི་ལྷག་བསམ་ཡོད།།

བློ་རིག་ལྡན་པའི་བྱིས་པ་ལ།

གློག་ལས་མྱུར་བའི་རྣམ་དཔྱོད་ལྡན།

ཤེས་རིག་སྦྲང་རྩིའི་བུམ་པ་དེ།།

སྣོད་ལྡན་སློབ་བུའི་ལེན་བྱ་ཡིན།།

སྤངས་ལྗོངས་སྔོན་མོའི་ཁུགས་སོ་ན།།

འདོ་རིག་རྟ་ཕོས་བང་རྩལ་འགྲན།།

རྒྱུགས་ར་དོག་མོའི་བར་གསེང་ན།།

སྤྱོད་ལྡན་སློབ་བུས་སྨྱུག་རྩལ་ངོམས།།

ནགས་ཚལ་སྟུག་པོའི་ཁོར་ཡུག་ན།།

ཁུ་བྱུག་སྔོན་མོའི་གསུང་སྐད་སྙན།།

སློབ་ཁང་གྲུ་བཞིའི་ནང་རོལ་ན།།

དགེ་རྒན་དམ་པའི་གསུང་སྐད་སྙན།།

འགོ་ཁྲིད་བཟང་བོའི་བཀའ་འོག་ན།།

འབངས་མི་སྐྱིད་པའི་གར་ལ་རོལ།།

ཚོད་རྒྱུགས་ནན་མོའི་ཤོག་ངོས་ན།།

ཀ་མལ་སུམ་བཅུ་རྩེད་དགར་རོལ།།

སློབ་གྲྭ་རིམ་པའི་ཚད་ལེན་རྒྱུགས་གཞིར་རོལ་བའི་རྣམ་པ།

སློབ་གྲྭ་རིམ་པའི་རྒྱུགས་ལེན་ཚད་གཞིར་ཞུགས་པའི་ཟུར་ཅིག

ཉིན་བཟང་བོ་དྲུག་གཅིག་དུས་ཆེན་རེད།

རྩལ་ཡག་པ་བྱིས་པའི་རྩལ་དྲུག་རེད།།

མ་ཡུམ་སློབ་གྲྭའི་འགྱུར་ཁུགས་ན།།

སློབ་བུ་སྟོང་གིས་བྲོ་གར་འཁྲབ།།

དགའ་དགའ་དྲུག་གཅིག་དུས་ལ་དགའ།།

སྐྱིད་སྐྱིད་སློབ་མའི་སྣང་བརྙན་སྐྱིད།།

སྤྲོ་སྤྲོ་བྱིས་པའི་དུས་ལ་སྤྲོ།།

དགའ་དགའ་འཛུམ་གྱིས་བསུ་ལ་དགའ།།

སློབ་རིམ་པའི་ཚོད་རྒྱུགས་ཐེངས་ལྔ་བླངས་བའི་ཟུར་ཅིག

ཚོད་རྒྱུགས་ཀྱི་ཟུར་ཅིག

ཚོད་རྒྱུགས་ཀྱི་ཟུར་ཅིག

བཞི་རྒྱལ་ལ་གསེར་སྡེར་བསྟོད་དུ་སོང་བ།

བཞི་རྒྱལ་ལ་དངུལ་རྭ་བསྟོད་དུ་སོང་བ།

ཨ་མྱེ་དངུལ་རྭ།

རླུང་རྟ་དར་ལྕོག་སྲིད་རྩེར་སྒྲེང་བ།

དགེ་སྒྲུབ

དགེ་སྒྲུབ

རྒྱུགས

རྩྭ་ཐང་