དེ་ལྟར་འགྲོ་བཞིན་། དེ་ལྟར་རྒྱུག་།
ལྗང་སྨྱུག་ལོ་ནས་བྲིས་།
ཕྱིན་ཟིན་པའི་འདས་དོན་ནི་།
གས་ཆག་གི་ཤེལ་སྒོ་བཞིན་།
རབ་རིབ་ཞིག་ལས་མི་མངོན་།
ཁ་སང་ཞེས་པའི་ལམ་བུ་དེ་།
ཇི་འདྲའི་བརྗེད་པར་དཀའ་བ་ཞིག་རེད་ལ་།
མ་འོངས་ཞེས་པའི་རང་ཉིན་འདི་།
དེ་འདྲའི་བསླུ་འཁྲིད་ཅན་པོ་ཞིག་།
འོན་ཀྱང་།
ང་ཚོས་དེའི་བར་དུ་རྣོ་བསམ་ཞིབ་པར་མཛད་ན་།
དེའི་བར་དུ་ང་ཚོར་གང་ཞིག་ཐོབ་ཡོད་།
ང་ཚོས་གང་ཞིག་བློས་བཏང་ཡོད་།
ང་ཚོར་གང་ཡང་མེད་།
དུས་རྟག་ཏུ་གཉིད་དང་རྨུགས་པར་གཡེང་ཤིང་།
དགེ་རྒན་ལ་མིག་ལོག་དང་།
ཕ་མའི་རེ་བ་ཆུ་རུ་བསྐུར་བ་།
བདེ་བ་ཆུང་ངུས་ཕུགས་རླག་པ་།
དེ་ལྟར་ལས་།
ང་ཚོས་གང་ཞིག་འཇོན་ཡོད་།
དུས་ཚོད་ནི་སྐད་ཅིག་དུ་རྒྱུ་བཞིན་།
རང་གི་ལང་ཚོ་ཡང་འཇིགས་འགྲོ་།
འོན་ཀྱང་།
ང་ཚོ་ནི་ནམ་ཡང་གཉིད་ལས་གསད་མ་མྱོང་།
རེད་།
མ་འོངས་ནི་རང་ཡིན་ལ་།
ཕུགས་འདུན་ལ་དམིགས་རྒྱུ་ཡང་རང་ཡིན་།