མཐོ་རྒྱགས་ལས་རྒྱལ་གྱུར་ཅིག

董独者

དེ་རིང་ནས་བཟུང་མཐོ་རྒྱུགས་ལེན་དགོས་པས། ངས་ནི་ཕུ་བོ་ཞིག་དང་། གྲོགས་པོ་ཞིག ཡང་ན་ཁྱེད་ཅག་ལ་སྙིང་ཉེ་བའི་མི་ཞིག་གི་མིང་ཙམ་ལས་ཤ་ཚ་བའི་སྙིང་གཏམ་ཚིག་གསུམ་གླེང་ན་འདོད་དེ།

གཅིག་ན་ཁྱེད་ནི་ཕ་མ་ཟུང་གི་རེ་བ་དང་། ཕུ་ནུ་མིང་སྲིང་ཚོའི་རེ་བལྟོས་ཡིན་པས། ཁྱེད་ཅག་གིས་རྣམ་དཔྱོད་ཀྱི་རལ་གྲི་སྨྱུག་རྩེ་ལ་ཕྱར་ནས། བློ་རིག་གི་སྒོ་ཆེན་ཡང་བར་ཕྱེས་དེ་རྒྱུགས་ལན་ནན་ནན་ཏན་ཏན་གྱི་སྒོ་ནས་འདེབས་དགོས་པ་ལས། ཆ་སྤྲོད་ཐབས་ཙམ་གཏན་ནས་བྱེད་མི་རུང་ངོ་།།

གཉིས་ན་ཁྱེད་ནི་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱི་ཡ་ཆུང་གི་སེམས་དང་། ཡ་ཐོད་ཀྱི་མིག་ཡིན་པས། ཁྱེད་ཅག་གིས་ཁོང་ཚོས་ཁྲིད་པའི་ཤེས་བྱ་རེ་རེ་དང་། གནངས་བའི་བསླབ་བྱ་རེ་རེ་སེམས་ཀྱི་ཟབ་སར་བཟུང་ནས། དཀར་འཇམ་གྱི་རྒྱུགས་ཤོག་ངོས་སུ་གཅིག་ཀྱང་མ་ལས་པར་ཡང་དག་པར་འགོད་དགོས་པ་ལས། དུས་ཚོད་ཀྱིས་མ་འདང་བ་སོགས་ཁ་གཡར་ས་འཚོལ་དགོས་པ་དེ་མ་ཡིན་ནོ།།

གསུམ་ན་ཁྱེད་ཚོས་ལོ་ངོ་བཅུ་ཕྲག་གི་དཀའ་ངལ་ལ་དེ་རིང་ཚད་འཇལ་ཐེངས་གཅིག་བྱེད་དགོས་པས། ཁྱོད་ཚོས་ཅི་ནུས་གང་ཐུབ་ཀྱིས་མདུན་དུ་སྐྱོད་དགོས་པ་ལས། ཕྱི་ནུར་དང་འཁང་ར་སོགས་ཅི་ཡང་མེད་པར་གྱིས་ཅིག

མདོར་ན། མཐོ་རྒྱུགས་ལ་ཞུགས་པའི་སློབ་གྲོགས་ཡོངས་ཀྱི་སྐུ་ལུས་བདེ་ཐང་དང་། སེམས་ཁམས་དགའ་སྤྲོའི་ཁྲོད་ནས་ལོ་ངོ་བཅུ་ཕྲག་གི་དཀའ་ངལ་ལ་གཡུར་དུ་ཟ་བའི་འབྲས་བུ་ཞིག་ལེན་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ལགས།

ཁྱེད་ནི་ཕུ་བོའི་སེམས་ཀྱི་རེ་བལྟོས་ཉག་ཅིག

རེ་བའི་མིག་ཟུང་གིས་ཁྱེད་ལ་སྒུག་ཡོད།