བོད་ཀྱི་ཡིག་གཟུཊ་གཟེངས་བསྟོད་བྱ་འགུལ་གྱི་མཛད་སྒོ།

美友12049206

སློབ་གླིང་གསར་འགྱུར། བོད་ཡིག་སྡེ་ཁག

༢༠༡༨ལོའི་ཟླ་༥ཚེས༡༥ཉིན་གྱི་ཕྱི་དྲོར་ཡུལ་ཤུལ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཡིག་སྡེ་ཁག་གིས་གཙོ་སྐྱོང་བྱས་ཏེ་༢༠༡༦ལོའི་བོད་ཡིག་འཛིན་གྲྭ་ལྔ་ཡི་མཐར་ཕྱིན་སློབ་མ་ཚོས་བོད་ཀྱི་ཡིག་གཟུགས་ཐད་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲན་ཚོགས་ཁྲོད་སྦྱང་འབྲས་ཕུལ་བྱུང་ཅན་གྱི་སློབ་མ་དག་ལ་སྲོལ་བཟང་རྒྱུན་འཛིན་དང་སློབ་སྦྱོང་ཡར་སྐུལ་གྱི་ཚུལ་དུ་བྱ་དགའ་གནང་བའི་མཛད་སྒོ་དེ་སློབ་གྲྭའི་གསོལ་ཚིགས་ཐོག་ཁང་བཞི་བའི་ནང་དུ་སྤེལ་འདུག མཛད་སྒོ་དེར་བོད་ཡིག་དགེ་རྒན་ཚང་མ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཐོག་མ་བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་དགེ་རྒན་བསོད་ནམས་དབང་རྒྱལ་གྱིས་ལས་རིམ་གྱི་མཚམས་སྦྱོར་དང་འབྲེལ་ནས་འཚམས་འདྲིའི་ཤིས་ཚིག་ཕུལ། དེ་ནས་རིམ་གྱིས་རང་སློབ་གྲྭའི་དབུ་ཁྲིད་དྲི་མེད་ལྷུན་གྲུབ་མཆོག་དང་བཞད་པ་བསྟན་པ་རྒྱ་མཚོ་རྣམ་གཉིས་ནས་མི་འགྱངས་བར་མཐར་ཕྱིན་ལ་ཉེ་བའི་སློབ་ཕྲུག་དག་ལ་འདས་མ་ད་གསུམ་གྱི་ལོ་ཟླའི་ཁྲོད་ཤེས་རིག་གི་དགེ་མཚན་དང་ཕན་ནུས། ཁ་ཚ་དགོས་གཏུགས་ཀྱི་བྱ་བ་བཅས་རྣམ་པ་གསུམ་གྱི་ཐོག་ནས་ལམ་སྟོན་གྱི་བཀའ་སློབ་ལྷུག་པོ་གནང་བ་དང་། མཇུག་མཐར་བོད་ཡིག་སྡེ་ཁག་གི་བསླབ་ཚན་སྣེ་ཁྲིད་པ་རྒན་བོ་ཆུང་སྒྲོལ་དཀར་ལགས་ཀྱིས་ཐེངས་འདིའི་གཟེངས་བསྟོད་བྱ་འགུལ་བཀྲ་ཤིས་སྨོན་ཚིག་གི་ལམ་ནས་མཛད་སྒོ་དེ་རྒྱལ་ཁའི་ངང་མཇུག་གྲུབ་པར་དང་ཕུལ་བྱུང་སློབ་མ་དེ་ཚོ་ལ་དགེ་སློབ་ཡོངས་ཀྱིས་གདེངས་འཇོག་ཆེན་པོ་ཐོབ་ཡོད་དོ།

༼བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་མཚོན་རྟགས་རི་མོ།༽

དགེ་རྒན་བསོད་ནམས་དབང་རྒྱལ་གྱིས་ལས་རིམ་ངོ་སྤྲོད་དང་འཚམས་འདྲིའི་ཤིས་ཚིག་འབུལ་བཞིན་པ།

དབུ་འཛིན་དྲི་མེད་ལྷུན་གྲུབ་མཆོག་ནས་བཀའ་སློབ་གནང་བ།

ཁམས་ཀྱི་བྲིས་པ་གྲགས་ཅན་རྒན་བཞད་པ་བསྟན་པ་རྒྱ་མཚོ་ཡིས་གསུང་བཤད་མཛད་པ།

དགེ་རྒན་རྣམ་པས་ཕུལ་བྱུང་སློབ་མ་དག་ལ་ཁ་བཏགས་དང་དཔང་ཡིག་གནང་བའི་ཟུར་ཞིག

ཐེངས་འདིའི་བྲིས་གཟུགས་བྱ་དགའི་གཟེངས་བསྟོད་ཁྲོད་ཆེས་ཕུལ་དུ་བྱུང་བའི་བྱ་དགའ་ཐོབ་པའི་སློབ་བུ་གཉིས།

ཐེངས་འདིའི་བྱ་དགའི་གཟེངས་བསྟོད་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་པའི་སློབ་བུ་དག

ཐེངས་འདིའི་བྱ་དགའི་གཟེངས་བསྟོད་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ་པའི་སློབ་བུ་དག

ཐེངས་འདིའི་བྱ་དགའི་གཟེངས་བསྟོད་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ་པའི་སློབ་བུ་དག

༢༠༡༦ལོའི་བོད་ཡིག་འཛིན་གྲྭ་ལྔ་བའི་སློབ་བུ་ཚུལ་ཁྲིམས་རྣམ་དག་གིས་འཛིན་གྲྭ་ཡོངས་ཀྱི་ཚབ་བྱས་ནས་གཏམ་བཤད་བྱེད་བཞིན་པ།

༢༠༡༦ལོའི་བོད་ཡིག་འཛིན་གྲྭ་གཉིས་པའི་སློབ་བུ་བསྟན་པ་དར་རྒྱས་ལགས་ཀྱིས་འཛིན་གྲྭ་ཡོངས་ཀྱི་ཚབ་བྱས་ནས་བཀའ་དྲིན་གསུམ་ལྡན་གྱི་བྲིས་པ་དགེ་རྒན་གཉིས་གཙོ་བྱས་པའི་མ་ཡུམ་སློབ་གྲྭའི་དགེ་བཟོ་བ་ཡོངས་ལ་བཀའ་དྲིན་གཞལ་དཀའི་སྐོར་གྱི་གཏམ་བཤད་བྱེད་བཞིན་པ།

བྲིས་པ་དགེ་རྒན་རྣམ་གཉིས་ལ་བཀའ་དྲིན་མཚོན་བྱེད་ཙམ་དུ་སློབ་བུ་དག་གིས་ཁ་བཏགས་འབུལ་བཞིན་པ།

མཇུག་མཐར་རྒན་བོ་ཆུང་སྒྲོལ་དཀར་ལགས་ཀྱིས་བཀྲ་ཤིས་སྨོན་ཚིག་གི་ལམ་ནས་ཐེངས་འདིའི་མཛད་སྒོ་མཇུག་སྒྲིལ་བ།

བྱ་དགའ་ཐོབ་པའི་སློབ་མ་དག་དང་དགེེ་རྒན་རྣམ་པ་དྲན་རྟེན་གྱི་ཚུལ་དུ་མཉམ་པར་སྒྲོན་པ།

རྒྱུན་ཆགས་བརྩོན་པ་མ་བཏང་བར།།

བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ།།

ཆུ་བོ་དལ་གྱིས་འབབ་པ་ཡིས།།

ཡངས་པའི་ས་ཆེན་བསྐོར་ནས་འགྲོ།།

་་་་་་༼ཆུ་ཤིང་བསྟན་བཅོས་ལས་དྲངས།༽

བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གསར་འགོད་ཚན་ཆུང་ཁང་ནས་

༢༠༡༨ལོའི་ཟླ༥ཚེས༡༥ཉིན་དུ་སྤེལ