སློབ་ཆུང་བོད་ཡིག་གི་སློབ་སྐབས་ཕྱེད་ཀའི་བྱ་བའི་དབྱེ་ཞིབ། 小学藏文提升教学质量剖析会

安多娃

གཅིག བྱ་འགུལ་སྣ་ཚོགས་སྤེལ་བ། 各类教研活动

༡ དགུན་གནང་ལས་བྱ་ཞིབ་བཤེར་བྱས་པ།

ཟླ་གསུམ་པའི་ཚེས་དྲུག་བདུན་དགུ་གསུམ་པོར་ལོ་རིམ་གཉི་རེ་ལྷན་དུ་བསྡུས་ཏེ་དགུན་གནང་ལས་བྱར་ཞིབ་བཤེར་བྱས། ཐེངས་འདིའི་བྱ་འགུལ་བརྒྱུད་ནས་སློབ་མར་ལས་བྱ་འབྲི་བར་སུན་སྣང་སྐྱེས་པ། སྒྱུ་ལུག་གིས་འབྲི་མི་འདོད་པ། བྲིས་ཀྱང་དགེ་རྒན་ལ་སྟོན་བྱེད་ཙམ་དང་རང་གི་འོས་འགན་འགྲུབ་པའི་ཆེད་ཙམ་དུ་བྲིས་པ་སོགས་རྣམ་འགྱུར་མི་དྲང་བའི་སློབ་བུ་ཁག་ཅིག་ལ་ལམ་སྟོན་ཐེངས་གཅིག་དང་སྐུལ་ལྕག་ཐེངས་གཅིག་གི་ནུས་པ་ཐོན་ཏེ་རྗེས་ཕྱོགས་རང་འགུལ་ཀྱི་དཔེ་ཀློག་དང་འབྲི་སྦྱོང་ཁྲོད་མ་སྐུལ་དང་བླངས་ཀྱིས་རང་འགན་ལེགས་པར་བསྒྲུབ་འདོད་པའི་བློ་བསྐྱེད་ཐེངས་གཅིག་གནང་བའོ། །

སྔོན་ཡང་འདི་ལྟར་སྤྱད་རྣམས་འཕེལ། ། ད་ལྟ་ན་ཡང་དེ་ལྟར་མཐོང་། །

༢ དཔེ་ཀློག་མྱོང་ཚོར་བགྲོ་གླེང་བྱས་པ།

རང་སློབ་གྲྭའི་ལོ་རིམ་ལྔ་བའི་ཚན་སྐོར་གྱིས་ཀློག་པ་པོ་ཆུང་ཆུང་རྟགས་མའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་དེ་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་སྤེལ། ཐེངས་འདིའི་དཔེ་ཀློག་མྱོང་ཚོར་གྱི་བྱ་འགུལ་ཆེན་མོ་འདི་སྤེལ་བ་བརྒྱུད་ནས། སློབ་རའི་སློབ་སྦྱོང་གི་འཚོ་བར་སྤྲོ་སྣང་དོད་པར་བྱས་ཤིང་། སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་གི་འདུན་པ་སྔར་ལས་ཤུགས་ཇེ་ཆེར་སོང་བར་མ་ཟད། བློ་རྒྱ་དང་སྤོབས་པ་ཇེ་ཆེར་ཕྱིན་ནས་དཔེ་ཀློག་གི་གལ་ཆེན་རང་བཞིན་ལ་ངོས་ཡང་དག་པ་ཞིག་ཟིན་ཞིང་། ཅི་ལྟར་དཔེ་ཀློག་བྱ་བ་དང་དཔེ་ཆ་གང་བཀླག་པ་སོགས་དཔེ་ཀློག་གི་ལས་ལ་འཇུག་ཚུལ་ཐད་ངེས་ཤེས་ཟབ་མོ་འདྲོངས་ནས་སང་ཉིན་ནས་བཟུང་དཔེ་ཀློག་ལ་འཇུག་པའི་སློབ་བུ་རྣལ་མ་ཞིག་བཅའ་རྒྱུའི་བློ་རྒྱུད་ལ་རང་དབང་མེད་པར་སྐྱེས་སུ་བཅུག འདིས་སློབ་གཉེར་གྱི་མདུན་ལམ་ཡང་དག་འཚོལ་བའི་རང་རེའི་སློབ་གྲྭའི་སློབ་མ་རྣམས་ཀྱི་མདུན་ལྗོངས་སྔར་ལས་ཡངས་ཤིང་སློབ་གྲྭའི་ཡང་དག་པའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་ལ་གཡུར་ཟའི་འབྲས་བཟང་ཐོབ་པའི་རྟེན་འབྲེལ་གྱི་སྒོ་མོ་ཞིག་ཕྱེ་བར་གདོན་མི་ཟའོ།།

ལེགས་བཤད་བྱིས་པ་དག་ལས་ཀྱང་། ། མཁས་པ་རྣམས་ཀྱིས་ཡོངས་སུ་ལེན། །

༣ ངག་རྩོམ་འགྲན་བསྡུར་སྤེལ་བ།

ཟླ༤ཚེས༩ཉིན་གྱི་ཕྱི་དྲོ་ལོ་རིམ་གཉིས་པ་དང་གསུམ་པས་ངག་རྩོམ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ། ཐེངས་འདིའི་འགྲན་བསྡུར་ཁྲོད་འགྲན་ཞུགས་པ་དག་གིས་རྣམ་རིག་གྲུང་པོའི་སྒོ་ནས་དྲི་བར་ཉན་པ་དང་སྐར་ཆ་བཞི་བཅུའི་ནང་བསམས་གཞི་དང་དྲིས་ལན་ཐ་དག་འགྲུབ་ཏུ་འཇུག་དགོས་པས་ཁོ་ཚོར་མཚོན་ན་འཛིན་གྲྭའི་རེ་བ་ཆེན་པོ་ཞིག་གིས་ཕྲག་ཏུ་མནན་ཡོད། ཡིན་ཡང་ཁོ་ཚོའི་དཔའ་གདེང་དང་། སྙིང་སྟོབས། སྤོབས་པ་ལ་སུས་ཀྱང་དཔག་དཀའ་བ་ཞིག་ཡིན། གཞོན་སྐྱེས་ཚོའི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་འབྲས་བུས་ཐེངས་འདིའི་འགྲན་ཚོགས་ལ་ཐུན་མིན་གྱི་བླ་སྲོག་སྦྱིན། བྱ་འགུལ་སྤེལ་བ་བརྒྱུད་སློབ་གྲོགས་ཀུན་གྱི་སྤོབས་སེམས་མཐོ་རུ་འདེགས་པར་རམ་སྐྱོར་བསྣན་ཡོད་ཅིང་བློ་རིག་གི་སྒོ་མོ་ཇེ་ཆེར་བསྐྱེད་པ། སློབ་སྦྱོང་ལ་ཧུར་བརྩོན་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་པ་རེད།

ཁ་བདེ་བ་རྡོ་རྗེ་ལྕེ་ཐོག། ཁོག་གསལ་བ་འཛམ་གླིང་ཉི་མ། །

༤ སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུས་པ།

ཟླ་༤་པའི་ཚེས་༣༠ཉིན་གྱི་ཕྱི་དྲོའི་ཐུན་དང་པོ་དང་གཉིས་པ་སྤྱད་དེ་སློབ་ཆུང་གི་དགེ་སློབ་བརྒྱ་ཕྲག་ལྷག་གིས་མི་རབས་ནས་མི་རབས་བར་རླབས་ཆེན་མི་རིགས་ཤིག་གི་ངོ་སོ་བསྟོད་དང་བསྟོད་བཞིན་ཡོད་པའི་རིན་བྲལ་ཡིག་གཟུགས་འདི་གོང་ནས་གོང་དུ་འཕེལ་ཆེད་« སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ།»བའི་དགེ་སློབ་ཀྱི་ཡིག་གཟུགས་འགྲན་བསྡུར་སྤེལ་བ་ཡོངས་སུ་ལེགས་འགྲུབ་བྱུང་།

རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན། ། དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །

༥ དགེ་རྒན་གྱིས་སློབ་སྐབས་ཕྱེད་ཀའི་བྱ་བར་དབྱེ་ཞིབ་བྱས་པ།

ཟླ༤བའི་ཚེས་༡༡དང་༡༢ཀྱི་ཕྱི་དྲོའི་དུས་ཚོད་བེད་སྤྱད་ནས་དགེ་རྒན་རང་རང་གི་སློབ་སྐབས་ཕྱེད་ཀའི་བྱ་བར་དབྱེ་ཞིབ་བྱས་པ། དགེ་རྒན་རྣམ་པས་རང་རང་གི་འཛིན་གྲྭའི་གནས་ཚུལ་དང་བསམ་བློའི་སློབ་གསོ། སློབ་བྱོལ་ཚད་འཛིན། བསླབ་འབྲས་དབྱེ་ཞིབ། གནད་དོན་ངོས་འཛིན་དང་བསྒྱུར་ཐབས་སོགས་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་དབྱེ་ཞིབ་བྱས།མདོར་ན་སློབ་སྐབས་ཕྱེད་ཀའི་ཁྲོད་ཀྱི་རྒྱལ་ཁ་དང་ཕམ་ཁ་བཙལ་ཏེ་འཛིན་གྲྭ་དཔེ་ལེགས་ཅན་དང་དགེ་རྒན་དཔེ་ལེགས་ཅན་མིག་དཔེར་བཟུང་སྟེ་རྗེས་སོར་ཕུལ་བྱུང་འཛིན་གྲྭ་ཞིག་བསྐྱེད་སྲིང་བྱེད་པར་བརྩོན་ལེན་བྱ་རྒྱུའི་ཆོད་སེམས་བརྗོད།

གཉིས། སློབ་ཁྲིད་ཞིབ་འཇུག 教学研究

ཟླ་གསུམ་པའི་ཚེས་བདུན་ནས་ཚེས་དགུའི་བར་བོད་ཡིག་དགེ་རྒན་ཡོངས་ཀྱིས་རང་རང་གིས་བསླབ་དེབ་ལ་དབྱེ་ཞིབ་བྱས་པའི་གནས་ཚུལ་ངོ་སྤྲོད་བྱ་བའི་བགྲོ་གྲེང་འཚོགས་འདུ་བསྡུས། ཐོག་མར་རང་ཉིད་ཀྱིས་དབྱེ་ཞིབ་བྱས་པའི་སྡེ་ཚན་དེའི་གཙོ་གནད་དང་དཀའ་གནད། སློབ་མས་ངེས་པར་དུ་ཀློག་ཤེས་དགོས་པའི་སྐོར། འབྲི་ཤེས་དགོས་པའི་སྐོར། བློར་འཛིན་ཤེས་དགོས་པའི་སྐོར་བཅས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་ཕན་ཚུན་ལ་བགྲོ་གླེང་ངམ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་ངོ་སྤྲོད་བྱས། འདི་ལྟར་དགེ་རྒན་རེ་རེ་ནས་ངོ་སྤྲོད་བྱས་ཏེ་མཇུག་རྫོགས་པ་ན་བསླབ་དེབ་ཧྲིལ་བོའི་ནང་དོན་ལ་དབྱེ་ཞིབ་དང་རྒྱུས་ལོན་བྱས་ནས་ཚར་ཡོད་པས་རྗེས་ཕྱོགས་ཀྱི་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་ཕྱོགས་ལ་ཕན་ནུས་བླ་ན་མེད་པ་ཐོན།

རང་གིས་ལེགས་པར་ཤེས་ན་ཡང་། ། བྱ་བ་ཐམས་ཅད་གྲོས་ཀྱིས་བསྒྲུབ། །

གསུམ། ལྟ་སྦྱོང་སློབ་ཁྲིད་སྤེལ་རེས། 观摩交流

ཟླ་གསུམ་པ་ནས་བཟུང་བོད་ཡིག་དགེ་རྒན་རྣམས་ཀྱིས་རང་རང་གི་ཁྱད་ཆོས་བཟུང་ནས་འགྲེམ་སྟོན་སློབ་ཁྲིད་ལ་ཞུགས་པ། ཐེངས་འདིའི་བྱ་འགུལ་གྱིས་དགེ་རྒན་རྣམས་ལ་སློབ་ཁྲིད་ཀྱི་སྟེགས་བུ་ཞིག་བྱིན་པར་མ་ཟད་དགེ་རྒན་གྱི་བསམ་བློ་བརྗེ་རེས་ཕྱོགས་ལ་ནུས་ཤུགས་ཐོན། ཁོ་ཚོར་མཐོང་རྒྱ་བསྐྱེད་པ་དང་རྗེས་ཕྱོགས་ཆེད་ལས་འཕེལ་རྒྱས་ཕྱོགས་ལ་སྐུལ་འདེད་ཀྱི་ནུས་བའང་ཐོན་པ་རེད།

བློ་གྲོས་ལྡན་པས་ལེགས་བསྐྱངས་ན། ། སྐྱེ་བོ་དམན་པའང་མཆོག་ཏུ་འགྱུར།།

བཞི། མི་འདང་བའི་ཆ། 不足之处

དབྱར་དགུན་གནང་ལས་བྱ་བློར་ཟིན་ཚད་ཀྱི་མི་གྲངས་ཉུང་བས་ཐབས་སྣ་ཚོགས་བཀོལ་ནས་འདིའི་ཕྱོགས་ལ་ཤུགས་རྒྱག་པ། སློབ་མའི་ཡིག་གཟུགས་ཐད་བསླབ་ཁག་དགེ་རྒན་གྱིས་མུར་མཐུད་ནས་རེ་བ་ནན་མོ་བཏོན་ཏེ་བྲིས་ལག་ཕུལ་བྱུང་ཅན་གྱི་སློབ་བུ་བསྐྱེད་སྲིང་བྱ་བ། སློབ་ཁྲིད་གྲ་སྒྲིག་ལ་མུར་མཐུད་ནས་དགེ་རྒན་སོ་སོས་རང་རང་གི་ཁྱད་ཆོས་ཐོན་པའི་གྲ་སྒྲིག་གང་ལེགས་བྱ་རྒྱུ། སློབ་མར་བསླབ་ཕྱིའི་དཔེ་ཆ་གང་མང་ལ་བལྟ་བར་གོམས་པའི་སློབ་གསོ་གཏོང་བ། དུས་དང་རྣམ་པ་ཀུན་ཏུ་སློབ་མར་དཔེ་ཀློག་ཐད་ཤུགས་རྒྱག་པ། དགེ་རྒན་གྱི་ཆ་འཕྲིན་ལག་རྩལ་ཅི་ནུས་གང་ཡོད་ཀྱིས་མཐོ་རུ་གཏོང་བ།

དྲུག བཅོས་བསྒྱུར་བྱ་ཐབས། 整改措施

རྗེས་ཕྱོགས་ཀྱང་སློབ་གྲྭའི་བཀོད་སྒྲིག་ལ་གཞི་བཅོས་ཏེ་བོད་ཡིག་དགེ་རྒན་རྣམས་ཀྱིས་སེམས་ཀྱིས་བྱིས་པ་སྐྱོང་བ། ལུས་ཀྱིས་སློབ་གསོ་སྤེལ་བ་དཀྱིལ་སྙིང་དུ་བཟུང་ནས་རྡོག་རྩ་གཅིག་སྒྲིལ་གྱིས་སློབ་གྲྭ་འདིའི་སློབ་བུ་གསོ་སྐྱོང་གི་བྱ་བ་གོང་ནས་གོང་ཏུ་སྤེལ་བར་བརྩོན་ལེན་བྱེད་རྒྱུ་ཡིན། རྗེས་ཕྱོགས་ང་ཚོས་ལྟ་ཞིབ་ནན་མོ་དང་ཞིབ་བཤེར་ནན་མོ་གཙོ་བྱས་ཏེ་སློབ་སྐབས་འདིའི་ནང་གི་བྱ་བའི་ཞན་ཆ་དག་ལ་ངོས་འཛིན་དང་བཅོས་བསྒྱུར་བྱས་ཏེ་གོམ་གང་མདུན་སྤོས་སྒོས་སློབ་སྐབས་ཕྱི་མའི་བྱ་བ་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱ་རྒྱུ་དེ་ཡིན། མདོར་ན་སློབ་སྐབས་གཅིག་གི་བྱ་བའི་མགོ་མཇུག་བར་གསུམ་ཀུན་ཏུ་གོང་རིམ་པས་ཡང་དག་པའི་སྣེ་སྟོན་དང་དགེ་རྒན་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་ལས་ང་ཚོའི་སློབ་ཆུང་རིམ་པའི་བོད་ཡིག་ཚན་ཁག་གི་སློབ་སྐབས་ཕྱེད་ཀའི་བྱ་བ་ཐ་དག་འཆར་གཞི་ལྟར་ལེགས་འགྲུབ་བྱུང་ནས་མཇུག་རྫོགས་པ་ཡིན།