༄༅། ། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་མཚམས་སྦྱོར་མདོར་བསྡུས།

ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ༼༢༠༡༡ལོའི་ཟླ༡༠བའི་སྔོན་ལ་སློབ་གྲྭ་འདིར་ཐེམ་ཆེན་རྫོང་བཅའ་སྡོད་ལུགས་ཀྱི་མི་རིགས་སློབ་འབྲིང་དུ་འབོད༽ནི༡༩༧༧ལོའི་ཟླ༩བར་བཙུགས་ཤིང་། ཐེམ་ཆེན་རྫོང་ཤེས་ཡོན་གྲོང་རྡལ་མགྲོན་བསུ་ལམ་གྱི་སྒོ་རྟགས་ཨང༩བ་ཡིན་ལ། རྫོང་ཡོངས་ཀྱི་བཅའ་སྡོད་ལུགས་ཀྱི་ཆ་ཚང་སློབ་འབྲིང་གཅིག་པུའང་ཡིན། སློབ་གྲྭ་འདིའི་སློབ་མའི 99%ནི་ས་གནས་རང་གི་གྲོང་རྡལ་གསུམ་དང་ཡུལ་ཚོ་བདུན་ནས་ཡོང་བ་ཡིན།

སློབ་གྲྭ་འདིས་དམའ་འབྲིང་གི་འགན་བབས་སློབ་གསོའི་ཁྱབ་བརྡལ་དང་མཐོ་འབྲིང་གི་བསླབ་གནས་སློབ་གསོའི་བྱ་བཞག་གཅིག་ལྕོགས་བྱེད་བཞིན་ཡོད།སློབ་གསོའི་ལས་དོན་གྱི་དགོས་མཁོ་ལྟར་སློབ་གྲྭ་འདིར་ཏང་ཀྲུའུ་པུའུ་དང་།སློབ་གཙོའི་ལས་སྒྲུབ་ཁང་།སློབ་གཙོ་གཞོན་པའི་ལས་སྒྲུབ་ཁང་།སློབ་གྲྭའི་ལས་དོན་ལས་སྒྲུབ་ཁང་། སློབ་ཁྲིད་སློབ་སྟོན་ཁང་། ཀུན་སྤྱོད་སློབ་སྟོན་ཁང་། བཟོ་ཚོགས། ཐོན་ཀྲུའུ་པུའུ། བུད་མེད་ལས་འཛིན་ཚོ་ཆུང་། སྤྱི་གཉེར་ཁང་བཅས་གཞུང་ཕྱོགས་ཀྱི་གྲུབ་གཞི་དགུ་དང་། རྒྱ་ཡིག་སློབ་དཔྱོད་ཁང་། བོད་ཡིག་སློབ་དཔྱོད་ཁང་། གྲངས་རིག་སློབ་དཔྱོད་ཁང་། རོལ་མོ་དང་ལུས་རྩལ། མཛེས་རྩལ། ཆ་འཕྲིན་བཅས་ཕྱོགས་གཅིག་ཏུ་བསྡུས་པའི་དབྱངས་རྩལ་འཕྲིན་གསུམ་གྱི་སློབ་དཔྱོད་ཁང་དང་། དབྱིན་ཡིག་སློབ་དཔྱོད་ཁང་། ལོ་རྒྱུས་དང་ས་ཁམས། ཆབ་སྲིད་གསུམ་གཅིག་ཏུ་བྱས་པའི་རིག་ཚན་སློབ་དཔྱོད་ཁང་། དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་གསུམ་གྱི་གཅིག་ཏུ་བྱས་པའི་རྩིས་ཚན་སློབ་དཔྱོད་ཁང་བཅས་སློབ་དཔྱོད་ཁང་བདུན་ཡོད།

སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ58453.2㎡ཡོད་ལ། འཛུགས་སྐྲུན་གྱིས་རྨི་གྲུ་བཞི་མ26725.46ཟིན་ཡོད་པ་ལས་ཐོས་བསམ་གླིང་གིས་རྨིད་གྲུ་བཞི་མ2293.44ཟིན་ཡོད་པ་དང་། དོན་གཉེར་གླིང་གིས་རྨི་གྲུ་བཞི་མ1680ཟིན་ཡོད། སྲིད་དོན་གླིང་གིས་རྨི་གྲུ་བཞི་མ1839.96ཟིན། སློབ་མའི་མལ་ཁང་དང་། ཟ་ཁང་གིས་རྨི་གྲུ་བཞི་མ1701.15 ཟིན། དཔེ་མཛོད་ཁང་དང་ལྟ་ཀློག་ཁང་གིས་རྨི་གྲུ་བཞི་མ1079ཟིན། གསར་དུ་འཛུགས་སྐྲུན་བྱས་པའི་སློབ་མའི་ཁང་གིས་རྨི་གྲུ་བཞི་མ4000ཟིན་ཡོད་དོ།དཔེ་མཛོད་ཁང་གི་དཔེ་ཆའི་ཁ་གྲངས35560ཡོད།འགྱིག་བྱུག་ཚད་ལྡན་ལུས་རྩལ་ར་བས་རྨི་གྲུ་བཞི་མ2.3ཟིན་ཡོད།སློབ་རའི་ལྗང་མདོག་གིས་རྨི་གྲུ་བཞི་མ5091.74ཟིན། ལྗང་མདོག་མ་ཡིན་པའི་རྨི་གྲུ་བཞི་མ18791.19ཟིན་ནོ། །

སློབ་གྲྭར་དགེ་བཟོ་བ93ཡོད་ལ། དེའི་ཁོངས་སུ་དགེ་རྒན69ཡོད། སློབ་གྲྭར་ལོ་རིམ་དྲུག་དང་འཛིན་གྲྭ22དང་སློབ་མ838ཡོད་ལ། དེ་ལས་དམའ་འབྲིང་རིམ་པའི་འཛིན་གྲྭ14དང་མི་གྲངས566ཡོད། མཐོ་འབྲིང་རིམ་པའི་འཛིན་གྲྭ8དང་མི་གྲངས 272ཡོད། ཞག་སྡོད་སློབ་མ570ཡོད།

སློབ་གྲྭས་ཚན་རིག་རང་བཞིན་ལྡན་པའི་དོ་དམ་ལ་ཤུགས་བསྣན་ནས་དགེ་རྒན་གྱི་ཆེད་ལས་སྤུས་ཚད་མཐོར་འདེགས་དང་། སློབ་མའི་ཀུན་སྤྱོད་གསོ་སྐྱོང་དང་ཐུན་མིན་ནུས་པར་མཐོང་ཆེན་བྱས་ཏེ་སློབ་རའི་རིག་གནས་འཛུགས་སྐྲུན་གྱི་སྣ་འདུས་ནང་དོན་གོང་འཕེལ་དང་། ཐོག་མཐའ་བར་གསུམ་དུ༼ སྐྱེས་སྟོབས་དཔལ་འབར། འདྲ་མཉམ་གུས་ལྡན། གཟུར་གནས་བློ་ལྡན། གཞུང་དྲང་ཟོལ་མེད༽ཀྱི་སློབ་སྒྲུབ་དམིགས་འབེན་གྱི་ལྟ་བ་རྒྱུན་འཁྱོངས་བྱས་ཤིང་། དུས་རྒྱུན་སློབ་མ་དང་ཁྱིམ་བདག་གི་འདོད་བློ་ཚིམ་པའི་སློབ་གསོ་སྒྲུབ་པའི་ཞབས་ཞུའི་འཕྲིན་ལས་ལ་བརྟེན་ནས་མི་དམངས་ཀྱི་བསྟོད་བསྔགས་དང་རྒྱབ་སྐྱོར་ཐོབ་པའི་སློབ་གྲྭར་འགྱུར་བའི་འདུ་ཤེས་བརྟན་པོས༼རྒྱལ་གཅེས་སློབ་གཅེས། འབད་བརྩོན་གཟབ་ནན། གསར་སྤེལ་ཧུར་བརྩོན། གཞན་ཕན་དོན་གཉེར། ༽ གྱི་བསླབ་ཁྲིམས་དམ་བརྩི་བྱས་ཤིང་། གཞོན་ནུའི་ཕོ་བྲང་གི་སློབ་ཁྲིད་ལ་ཤུགས་བསྣན་ནས་སློབ་མའི་དགའ་ཕྱོགས་སྐྱེད་སྲིང་དང་། ༼ བདེ་འཇགས་སློབ་ར། དཔལ་ཡོན་སློབ་ར། འཆམ་མཐུན་སློབ་ར། ལྗང་མདོག་སློབ་ར ༽སོགས་ཀྱི་གཟི་བརྗིད་ཀྱི་མཚན་སྙན་ལ་བརྟེན་ནས༼ ཞིང་ཆེན་རིམ་པའི་ལྗང་འགྱུར་སློབ་གྲྭ། བརྩོན་བསྲི་སློབ་སྒྲུབ་སློབ་གྲྭ ཁུལ་ཡོངས་ཀྱི་སློབ་གསོའི་བྱ་བའི་སྔོན་ཐོན་ཐུན་མོང་གི་སློབ་གྲྭ སྔོན་ཐོན་ཏང་ཀྲུའུ་པུའུ། མི་རིགས་མཐུན་སྒྲིལ་སྔོན་ཐོན་གྱི་ལས་ཁུངས། ཀུན་སྤྱོད་སྔོན་ཐོན་གྱི་སློབ་གྲྭ དཔལ་ཡོན་ལྡན་པའི་སློབ་གྲྭ མཚོ་ནུབ་ཁུལ་ཡོངས་ཀྱི་ཆེས་ལེགས་པའི་སློབ་གྲྭ་བཅུའི་ནང་ཚན ༽ སོགས་ཀྱི་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད་པ་ཡིན་ནོ། །