སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བ།

美友12049206

སློབ་གླིང་གསར་འགྱུར། བོད་ཡིག་སྡེ་ཁག

༢༠༡༨ལོའི་ཟླ་༤ཚེས༣༠ཉིན་གྱི་སྔ་དྲོར་དཔྱིད་རླུང་དལ་བུར་ལྡང་ཞིང་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་སློབ་གླིང་རྭ་བའི་ནང་ནས་་བོད་ཡིག་སྡེ་ཁག་གིས་གཙོ་སྐྱོང་བྱས་ཏེ་རྒྱལ་ཡོངས་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་དང་༢༠༡༦ལོའི་བོད་ཡིག་འཛིན་གྲྭ་ལྔ་ཡི་མཐར་ཕྱིན་སློབ་མ་ཚོས་དུས་ཐུང་ལོ་ངོ་གཉིས་ཀྱི་རིང་བོད་ཀྱི་ཡིག་གཟུགས་ཐད་དབུ་ཅན་དང་དབུ་མེད་སོགས་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བརྩམས་ཆོས་སྦྱང་འབྲས་བྲིས་ཐང་རིང་ཐུང་བརྒྱ་དང་དྲུག་ཅུ་ལྷག་ཙམ་རང་རེའི་སློབ་གྲྭའི་ཤེས་རིག་གླིང་ནས་བཤམ་སྟོན་གྱི་བྱ་འགུལ་གཟབ་རྒྱས་ངང་སྤེལ་བར་སློབ་གྲྭའི་དབུ་ཁྲིད་དྲི་མེད་ལྷུན་གྲུབ་དང་ཟུང་ཀང་ཉིན། བུ་ག་ཡུ་གཙོ་བྱས་པའི་སློབ་གྲྭའི་དགེ་སློབ་ཡོངས་དང་། ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་དབུ་ཁྲིད་ཕུན་ཚོགས་ཟླ་བ་སོགས་འབྲེལ་ཡོད་དབུ་ཁྲིད་མང་པོ་ཞིག་ཡིག་གཟུགས་བཤམ་སྟོན་ལ་གཟིགས་མོར་ཕེབས་པ་དང་། ཁམས་ཀྱི་བྲིས་པ་གྲགས་ཅན་རྒན་བཞད་པ་བསྟན་པ་རྒྱ་མཚོ་དང་རྒན་བསོད་ནམས་དབང་རྒྱལ་རྣམས་ཀྱིས་བྲིས་ཀྱི་སྒྱུ་རྩལ་དང་ཁྱད་ཆོས་བཅས་ཀྱི་ཐད་ནས་གསུང་བཤད་བསྟུད་མར་གནང་རྗེས། ལས་རིགས་ལག་རྩལ་སློབ་གྲྭའི་ལས་ཐོག་དབུ་འཛིན་རྒན་དྲི་མེད་ལྷུན་གྲུབ་མཆོག་ནས་ཕ་མེས་གོང་མ་དག་གིས་ཤུལ་དུ་བཞག་པའི་བྲིས་རྒྱུན་གྱི་དགེ་མཚན་དང་དེའི་དམིགས་འདུན། སློབ་མའི་འཇོན་ནུས་བཅས་རྣམ་པ་གསུམ་གྱི་ཐོག་ནས་ལམ་སྟོན་གྱི་བཀའ་སློབ་ལྷུག་པོར་གནངས་ཏེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་གྲུབ་པར་དང་ཡིག་གཟུགས་དེ་ཚོ་ལ་གདེངས་འཇོག་ཆེན་པོ་ཐོབ་ཡོད་དོ།

༼བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་མཚོན་རྟགས་རི་མོ།༽

དགེ་སློབ་དག་གིས་འཛུམ་མདང་དང་སྤྲོ་སྣང་གི་སྒོ་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བཞིན་པ།

དབུ་འཛིན་དྲི་མེད་ལྷུན་གྲུབ་མཆོག་གིས་ཡུལ་དངོས་ནས་ཡིག་གཟུགས་ལ་གཟིགས་མོ་མཛད་བཞིན་པ།

སློབ་གཙོ་ཟུང་ཀང་ཉིན་དང་བུ་ག་ཡུ་སོགས་ཀྱིས་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་མོ་གནང་བཞིན་པ།

ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་དབུ་ཁྲིད་ཕུན་ཚོགས་ཟླ་བ་ལགས་གཙོ་བྱས་པའི་འབྲེལ་ཡོད་མི་སྣ་དག་གིས་བྲིས་ཐང་ལ་གཟིགས་མོ་ཕེབས་པའི་རྣམ་པ།

དབུ་འཛིན་རྣམ་གཉིས་ཀྱིས་སློབ་བུ་བསྟན་པ་དར་རྒྱས་ལ་བཅའ་འདྲི་མཛད་བཞིན་པ།

སློབ་བུ་རྣམས་ཀྱི་བརྩམས་ཆོས་བྲིས་ཐང་གི་ཟུར་ཞིག

ཁམས་ཀྱི་བྲིས་པ་གྲགས་ཅན་རྒན་བཞད་པ་བསྟན་པ་རྒྱ་མཚོ་དང་རྒན་བསོད་ནམས་དབང་རྒྱལ་རྣམ་གཉིས་ཀྱིས་དབུ་ཁྲིད་དག་ལ་བརྩམས་ཆོས་ངོ་སྤྲོད་གནང་བཞིན་པའི་སྐབས་ཀྱི་ཟུར་ཞིག

བོད་ཡིག་སྡེ་ཁག་གི་བསླབ་ཚན་སྣེ་ཁྲིད་པ་རྒན་བོ་ཆུང་སྒྲོལ་དཀར་ལགས་ཀྱིས་འབྲེལ་ཡོད་དབུ་ཁྲིད་ཡོངས་ལ་ཐེངས་འདིའི་བྱ་འགུལ་ངོ་སྤྲོད་བྱེད་བཞིན་པ།

བྲིས་གཟུགས་འཛིན་གྲྭའི་སློབ་མ་དག་དང་དགེ་རྒན་རྣམ་པ་དྲན་རྟེན་གྱི་ཚུལ་དུ་མཉམ་པར་བསྒྲོན་པ།

རྒྱུན་ཆགས་བརྩོན་པ་མ་བཏང་བར།།

བགས་ཀྱིས་བསྒྲུབས་ན་ཅི་ཡང་འགྲུབ།།

ཆུ་བོ་དལ་གྱིས་འབབ་པ་ཡིས།།

ཡངས་པའི་ས་ཆེན་བསྐོར་ནས་འགྲོ།།

་་་་་་༼ཆུ་ཤིང་བསྟན་བཅོས་ལས་དྲངས།༽

བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གསར་འགོད་ཚན་ཆུང་ཁང་ནས་

༢༠༡༨ལོའི་ཟླ༤ཚེས༣༠ཉིན་དུ་སྤེལ།