༼རྨི་ལམ།༽

美友10007444

\ ཨ་ཀར་ཤེས།

མུན་པ་མཐུག་ཀྱང་མི་སྐྲག།
གྲང་རླུང་ལྡང་ཡང་མི་ཞུམ།།
སྟོན་ནམ་རིང་པོའི་ནང་ལ།།
རྨི་ལམ་མེད་ན་ཚར་རེད།།

བྱེ་མའི་ཐང་ཆེན་སྟེང་དུ།།
འགྲོ་བའི་རྐང་རྗེས་མང་འདུག།
ལམ་ཐག་རིང་ན་ལོས་ཆོག།
ཁ་ཕྱོགས་ནོར་ན་ཚར་རེད།།

གོན་པ་སྲབ་ཀྱང་མི་སྐྱོན།།
ཟ་མ་ཉུང་རུང་བཟོད་ཐུབ།།
དགུན་གྱི་ལྷགས་རླུང་ལྡང་དུས།།
སེམས་པ་གྲང་ན་ཚར་རེད།།

ཨ་ཀར་ཤེས་ཀྱིས་ ༢༠༡༨-༤-༨ བྲིས་སོ།།