ཐོན་མིའི་རེ་བཅོལ་འཛིན་གྲྭའི་སྐབས་དང་པོའི་བློ་རྒྱུགས་འགྲན་བསྡུར།

美友37175706

མི་ཚེའི་བཞུད་ལམ་རིང་མོ་ནས་མཚར་སྡུག་འོད་སྟོང་ལྡན་པའི་མདུན་ལམ་དེ་འཚོལ་བར་བྲེལ་བའི་སློབ་བུ་ཞིག་ལ་མཚོན་ན།བསམ་གཞིག་སྦྱོང་བརྡར།དོགས་སློང་འདྲི་རྩད།བློ་སྐྱེད་ངེས་ཤེས་སོགས་རང་ཉིད་འཕེལ་རྒྱས་ཀྱི་གཞི་རྩ་དེ་ནི་ལས་བྱ་ཡང་དག་ཅིག་འགྲུབ་མིན་ལ་རག་ལས་པ་དང་།སློབ་བུ་དེ་དག་གི་བློ་ཁ་དང་འཚམ་པ།ཡོན་ཚད་དང་མཐུན་པ།སྐབས་དོན་ཡང་ཡིན་པ་བཅས་ཡར་སྐྱེད་ལ་ཕན་ཁེ་ཆེ་ཞིང་གནད་ལ་ཁེལ་བའི་ལས་བྱ་ཞིག་བཀོད་སྒྲིག་བྱས་རྗེས།ལས་བྱ་དེ་ཞུ་དག་དཔྱད་བརྗོད་ལེགས་པོ་རེ་བྱ་རྒྱུ་ནི་དགེ་རྒན་དག་གི་བྱ་བའི་ལས་འགན་ངོ་མ་དེ་རེད།སློབ་མགོ་གསར་བ་ཚུགས་མ་ཐག་ཏུ་རང་གི་ནུས་པ་འཇོན་ཚད་ཀྱིས་བསམ་པ་དཀར་པོ་དང་ལྷག་བསམ་རྣམ་དག་གིས་དགུན་གནང་ལས་བྱ་ལེགས་འགྲུབ་བྱུང་ཡོད་མེད་ལ་ཞིབ་བཤེར་དང་།སློབ་མ་རེ་རེ་བཞིན་དགུན་གནང་ལས་བྱ་ཕྱོགས་སྡོམ་གྱི་ཆེད་དུ། ཕྲན་གྱིས་འགན་འཁུར་ཏེ་རང་གིས་སློབ་ཁྲིད་བྱེད་བཞིན་པའི་འཛིན་གྲྭ་གཉིས་ཀྱི་སློབ་མ་ཡོངས་ལ་ཁ་ཕྱོགས་ནས༼བློ་རྒྱུགས་འགྲན་བསྡུར༽དང༼ལས་བྱ་བཟང་གྲས་འགྲེམ་སྟོན༽གྱི་བྱ་འགུལ་ཞིག་སྤེལ།

གཅིག བློོ་རྒྱུགས་ཀྱི་ནང་དོན།

༡《ལེགས་བཤད་ལྗོན་དབང་། 》

༢《སུམ་ཅུ་པའི་ཚིག་དོན་མདོར་བསྡུར》

༣《ཤིང་གི་བསྟན་བཅོས》བཅས་སོ།།

གཉིས། ལས་བྱ་འགྲེམ་སྟོན་གྱི་ནང་དོན།

༡《རྩོམ་ཡིག》

༢《གཟའ་ཐོ》

༣《དཔེ་ཀློག་ཟིན་བྲིས།》

༤《སྔོན་སྦྱོང་གི་ཟིན་བྲིས།》

༥《བོད་ཀྱི་གཏམ་དཔེ》བཅས་སོ།།

གསུམ། བྱ་འགུལ་གྱི་གོ་རིམ།

སློབ་གཙོ་ཉི་མ་བཀྲ་ཤིས་གཙོས་དགེ་གྲོགས་ཡོངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཕྲན་གྱིས་གཙོ་འགན་འཁུར་ཏེ༢༠༡༨ལོའི་ཟླ༣པའི་ཚེས༢༡ གཟའ་ལྷག་པ་ཉིན་ངེད་ཐོན་མིའི་རེ་བཅོལ་འཛིན་གྲྭའི་སློབ་ཁང་དུ་དངོས་སུ་སྤེལ། འཛིན་གྲྭ་རེའི་སློབ་བུ་དྲུག་གདམ་སྟེ་ཁྱོན་སློབ་བུ༡༢བློ་རྒྱུགས་རྟིང་རྩོད་འགྲན་བསྡུར་ལ་ཞུགས་པ་དང་།འཛིན་གྲྭ་རེའི་སློབ་བུ་གསུམ་དགུན་གནང་ལས་བྱ་ཕུལ་བྱུང་དུ་གདམ་ནས་རྟེན་འབྲེལ་དང་སྐུལ་སློང་བྱས། རང་སློབ་གྲྭའི་བོད་སྐད་ཡིག་དགེ་རྒན་ཚང་མ་ཚོགས་རར་ཞུགས་པ་དང་དེ་ལས་བོད་ཡིག་སྡེ་ཁག་གི་དབུ་ཁྲིད་རྒན་སྐལ་བཟང་སོགས་སྐད་ཡིག་དགེ་རྒན་དྲུག་གིས་དཔྱད་འདེམ་འོག སློབ་བུ་ཚེ་ལྷ་དང་བུ་མོ། རྣམ་རྒྱལ་སྒྲོལ་མ་སོགས་ལ་ཨང་དང་པོའི་བྱ་དགའ་ཐོབ། སློབ་བུ་དཔལ་ལྡན་མཚོ་མོ་བདེ་སྐྱིད། འཆི་མེད་ཆོས་འཛོམས་སོགས་ལ་ཨང་གཉིས་པའི་བྱ་དགའ་ཐོབ། སློབ་བུ་བཀྲ་བདེ་དང་བསོད་ནམས་ཆོས་སྒྲོན། བཀྲ་ཤིས་ཚེ་རྒྱལ་སོགས་ལ་ཨང་གསུམ་པའི་བྱ་དགའ་ཐོབ། སློབ་བུ་བསོད་ནམས་དང་ལས་རབ་མཁའ་འགྲོ། སྨན་ལྷ་རིག་འཛིན་སོགས་ལ་སྐུལ་མའི་བྱ་དགའ་བཅས་གཟེངས་བསྟོད་དང་སྐུལ་མ་བྱས།

སློབ་གཙོ་ཉི་མ་བཀྲ་ཤིས་དང་སློབ་གཙོ་གཞོན་པ་ཀུན་དགའ། སློབ་གཙོ་གཞོན་པ་ཨོ་རྒོད་བཀྲ་ཤིས་བཅས་ཀྱིས་བྱ་དགའ་གནང་བར་མ་ཟད་བྱ་འགུལ་དེའི་མགོ་མཇུག་བར་གསུལ་ཕྱོགས་ཡོངས་པས་སྤྱི་སྡོམ་དང་གཏམ་བཤད་གནང་བར་བརྒྱུད་དགེ་སློབ་ཚང་མས་རྒྱབ་སྐྱོར་དང་རོགས་རམ་གྱི་འོག་ནས་བྱ་འགུལ་དེ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་སོང་།

ངེད་འཛིན་གྲྭའི་དགེ་སློབ་ཡོངས་ཀྱིས་ནུས་པ་དང་ཆ་རྐྱེན་གང་འབྱོན་གྱིས་བྱ་འགུལ་ལ་གྲ་སྒྲིག་ལེགས་པོ་བྱས།

སློབ་གཙོ་ཉི་མ་བཀྲ་ཤིས་སོགས་སྐད་ཡིག་དགེ་རྒན་ཡོངས་བྱ་འགུལ་ལ་ཞུགས་པ།

འགྲན་ཞུགས་པས་བློ་རྒྱུགས་སྤྲོད་བཞིན་པ།

འཛིན་གྲྭའི་སློབ་མ་ཡོངས་ཀྱིས་བློ་རྒྱུགས་སྤྲོད་བཞིན་པ།

བློ་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན།

བློ་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གཉིིས་པ་ཐོོབ་མཁན།

བློ་རྒྱུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་མཁན།

བློ་རྒྱུགས་འགྲན་བསྡུར་ཁྲོད་སྐུལ་མའིི་དགའ་ཐོབ་མཁན།

དགུན་གནང་ལས་བྱ་ཕུལ་བྱུང་ཅན་གྱི་སློབ་བུ་དག་ལ་བྱ་དགའ་ཕུལ་བའི་རྣམ་པ།

བོད་ཡིག་ཁྲིད་དཔྱོད་སྡེ་ཁག་གི་དབུ་འཛིན་རྒན་སྐལ་བཟང་གིས་གསུང་རྒྱུར། ང་ཚོའི་སློབ་གྲྭ་ནི་བོད་ཡིག་སློབ་འབྲིང་དང་ང་ཚོའི་སློབ་མ་ནི་གཞི་རིམ་གྱི་འབྲོག་ཁྱིམ་ནས་ཡོང་བའི་འབྲོག་ཕྲུག་དག་མ་ཡིན་སྟབས། ང་ཚོས་སྐད་ཡིག་དགེ་རྒན་དག་གིས་ཀྱང་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྦྲེལ་ནས་དམིགས་ཡུལ་དང་ཕུགས་འདུན་ཡོད་པའི་སྒོ་ནས་རང་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཞབས་ཞུ་སྒྲུབ་ཅི་ཐུབ་ལ་བརྩོན་དགོས། ང་ཚོ་ལ་འོས་འགན་ཡོད། ང་ཚོ་ལ་ཕུགས་བསམ་ཡོད། ང་ཚོས་སྐད་ཡིག་དང་མི་རིགས་ལ་འགན་འཁུར་ཏེ་རང་རིགས་ཀྱི་སློབ་གསོ་དང་གཞི་རིམ་གྱི་བདེ་སྡུག་སེམས་ནས་བོར་མི་རུང་།

དགེ་སློབ་ཀྱི་མགྲིན་དབྱངས་དང་དགའ་སྤྲོ་ཡི་སྣང་བ་ཡིས་བྱ་འགུལ་གྱི་མཇུག་རྫོགས་སོ།།

འགྲན་ཞུགས་སློབ་བུ་དང་དགེ་རྒན་ཡོངས་མཉམ་དུ་བསྐྱོན་པའི་དྲན་རྟེན་གྱི་འདྲ་པར།

མཐར། ཐེངས་འདིའི་བྱ་འགུལ་ལ་རྒྱབ་སྐྱོར་གནང་མཁན་གྱི་སློབ་གཙོ་དང་དགེ་གྲོགས་ཡོངས་ལ་གུས་མདུད་ཞུ། ནམ་ཡང་ཕྲན་ལ་རྒྱབ་སྐྱོར་དང་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ།

སྐད་ཡིག་གི་རྒན་མིང་ཙམ་འཛིན་མཁན་མགར་རབ་གསལ་གྱིས་གུས་ཕུལ།